༄༅། །འཇམ་དབྱངས་ཆོས་སྐོར་ནས་བཤད་པའི་ལྷ་ཚོགས་རྣམས་ཀྱི་སྒྲུབ་ཐབས་དང་རྗེས་གནང་ བྱེད་ཚུལ་གྱི་ཆོ་ག་ཤེས་རབ་ཀྱི་སྣང་བ་འཕེལ་བྱེད་ཅེས་བྱ་བ་བཞུགས་སོ།། །། [001A]༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། འགྲོ་ཀུན་ཤེས་རབ་གསལ་བྱེད་ པའི༑ ༑རྗེ་བཙུན་འཇམ་པའི་དབྱངས་ལ་འདུད། །འཇམ་དབྱངས་ཆོས་སྐོར་ནས་ བཤད་པའི། །མན་ངག་གསལ་བར་བྱེད་པར་བྱ། །འདིར་དགེ་ལྡན་ཐུན་མོང་མ་ [002A]༄༅། །ཡིན་པའི་ཟབ་ཆོས་འཇམ་དབྱངས་ཆོས་སྐོར་ནས་བཤད་པའི་ལྷ་ཚོགས་རྣམས་ ཀྱི་མངོན་རྟོགས་དང་རྗེས་གནང་གསལ་བར་བྱེད་པ་ལ་ལྔ་སྟེ། ཤེས་རབ་ཀྱི་ལྷ། ལྷག་པའི་ལྷ་ ཚེ་ལྷ། ནོར་ལྷ། བཀའ་སྡོད་བསྲུང་མའོ། །དང་པོ་ལ་བཞི་ལས། དང་པོ་འཇམ་དབྱངས་དཔའ་ [002B] སྒྲུབ་ཐབས་དང། རྗེས་གནང་བྱེད་ཚུལ་གཉིས་སོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། གནས་ ཡིད་དུ་འོང་བ་བྱི་དོར་བྱས་ལ། རྗེ་བཙུན་གྱི་སྐུ་བྲིས་འབུར་རབ་གནས་ཅན་དང། རྟེན་གསུམ་གྱི་མདུན་དུ་ཅི་འབྱོར་བའི་མཆོད་གཏོར་ བཤམས། གདན་བདེ་བ་ལ་ལུས་གནད་དང་ལྡན་པས་འདུག་སྟེ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། གཞན་སྒྲོལ་བ་ལ་རང་ འདམ་ལས། །སྒྲོལ་བ་དགོས་པས་གཞན་དོན་དུ། །སངས་རྒྱས་གོ་འཕང་ཐོབ་པའི་ཕྱིར། །བདེ་གཤེཊ་ རྣམས་ལ་སྐྱབས་སུ་མཆི། །ཐོབ་ལམ་སྟོན་པས་གསུངས་པའི་སྨན། །མདོ་སྔགས་ཆོས་ནི་གཞན་དོན་དུ་ [003A]༄༅། །རང་རྒྱུད་དང་འདྲེས་སྤྱོད་པའི་ཕྱིར། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །རྗེས་ སུ་འབྲང་ནས་སྤྱོད་པའི་ཞིང། །ཆོས་འཛིན་དགེ་འདུན་གཞན་དོན་དུ། །ལམ་གྱི་ཟླ་གྲོགས་ཞུ་བའི་ཕྱིར། །ཚོགས་ ཀྱི་མཆོག་ལའང་སྐྱབས་སུ་མཆི། །བདག་ནི་འགྲོ་བ་ཀུན་དོན་དུ། །བསམ་སྤྱོད་དེ་ནི་བྱད་སྙིང་བར། །སྐད་ཅིག་ དོར་མེད་བརྟན་བཟུང་བའི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །མར་གྱུར་འགྲོ་ཀུན་བདེ་དང་ལྡན། །སྡུག་ བསྔལ་རྒྱུ་བཅས་བྲལ་གྱུར་ཅིག་བདེ་བར་གནས་དགའ་གཏན་བདེའི་རྒྱུ། །ཆགས་སྡང་བྲལ་ལ་འགོད་པར་བྱ། ། [003B] དགའ་ལྡན་ལྷ་བརྒྱ་མས་ཚོགས་བསག། གཉིས་པ་དངོས་གཞི་ནི། རང་ ཐ་མལ་དུ་གནས་པའི་སྙིང་སྒོང་ང་ལྟ་བུ་རྩེ་མོ་གྱེན་དུ་བསྟན་པའི་ནང་དུ་ཟླ་བ་ལ་གནས་པའི་དྷཱི་དམར་སེར་ལས་འོད་ཟེར་ འཕྲོས། རང་དང་སྣོད་བཅུད་ལ་ཕོག་པས་འོད་ཀྱིས་གསལ་བར་བྱས་ཏེ། མ་དག་པའི་སྣང་བ་སྦྱངས། སྣོད་ བཅུད་ཐམས་ཅད་རང་ལ་ཐིམ། རང་དྷཱི་ལ་ཐིམ། དེ་ཚེག་དྲག་ལ་ཐིམ། དེ་དམིགས་མེད་དུ་གྱུར། ཨོཾ་ སྭ་བྷཱ་ཝ་ཤུདྡྷ་སརྦ་དྷ་རྨ་སྭ་བྷཱ་ཤུདྡྷོ་ཉྷཾ། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་དྷཱི་ [004A]༄༅། །དམར་སེར་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་ སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་དབྱངས་སྐུ་མདོག་དམར་སེར་ ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རལ་གྲི་འཕྱར་ཞིང། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཐེབ་སྲིན་གྱིས་འཛིན་ པའི་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་བརྒྱད་སྟོང་པའི་གླེགས་བམ་གྱིས་མཚན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ གིས་བཞུགས་པ། དར་གྱིན་བཟའ་དང་རིན་པོ་ཆེའི་རྒྱན་རྣམས་སྤྲས་པ། རལ་པའི་ཟུར་ཕུད་གཡོན་དུ་འཕྱང་ [004B] ཞི་བ་འཛུམ་པའི་ཉམས་དང་ལྡན་པ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཤིན་ཏུ་ གསལ་བའི་སྦྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། དཔའ་ བོ་རྡོ་རྗེའི་ནང་སྒྲུབ་ཀྱི་དབང་ཆོག་ལས། དཔའ་གཅིག་ལ་ཡེ་ཤེས་པ་སྤྱན་འདྲེན་པ་དང་དབང་བསྐུར་རིགས་བདག་གིས་རྒྱས་བཏབ་ན་རྡོ་རྗེ་རྩེ་ལྔ་པས་དབུ་ བརྒྱན་པ་ཡིན་ཞིང། དཔའ་གཅིག་དང་གསང་སྒྲུབ་གཉིས་ཀ་ལ་དབང་ལྷ་སྤྱན་འདྲེན་ལ་སོགས་པ་རྣམས་ལུས་དཀྱིལ་དང་ནང་སྒྲུབ་གཉིས་དང་འདྲའོ། ། ཞེས་གསུངས་པས་སྔོན་དུ་མཆོད་པ། ཨ་མྲྀ་ཏས་བསང། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཧྲུཾ་ལས་རིན་པོ་ཆེའི་ [005A]༄༅། །སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། སོགས་བྱ་རྒྱུད་སྤྱི་ ལྟར་བྱིན་གྱིས་རླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་ དབྱངས་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྦྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཨོཾ་ཨཱརྱ་མཉྫུ་ ཤྲཱི་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱི་མཆོད། ཇི་ལྟར་མགོན་པོ་ཁྱེད་ཀྱིས་ནི། །སྔོན་ཚེ་འགྲོ་ལ་དབང་བསྐུར་ལྟར། །དེ་ བཞིན་ཐུགས་རྗེས་བདག་ལ་ཡང། །དབང་བསྐུར་དམ་པ་སྩལ་དུ་གསོལ། །ལན་གསུམ་བརྗོད། ཞེས་གསོལ་བ་ [005B] ཇི་ལྟར་སྔོན་ཚེ་འགྲོ་རྣམས་ལ། །དབང་བསྐུར་དམ་པ་མཛད་ཇི་ བཞིན༑ ༑དེ་རིང་ཡེ་ཤེས་བདུད་རྩིའི་ཆུས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་ཨཱརྱ་མཉྫུ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཨ་ བཧི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་ གང༑ དྲི་མ་ཐམས་ཅད་དག་དབང་ཐོབ། ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་ཅིང་ དབང་གི་ལྷ་རྣམས་ཛཿ་ཧཱུཾ་བཾ་ཧོཿ་ཡེ་ཤེས་པའི་ཚུལ་དུ་རང་ལ་ཐིམ་པར་གྱུར། ལྷའི་གསལ་སྣང་དང་ང་རྒྱལ་ལ་བསླབ། རང་གི་ [006A]༄༅། །སྙིང་གར་ཟླ་བ་ལ་གནས་པའི་དྷཱི་དམར་སེར་ཚེག་དྲག་དང་བཅས་པའི་མཐར་དྷྲཱི་ཚེག་དྲག་ མེད་པ་དྲུག་གིས་བསྐོར་བ། དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ནས། ས་བོན་དྷཱི་ལ་ཚེག་དྲག་ཡོད། །རྩིབས་ དྲུག་དྷཱི་ལ་ཚེག་དྲག་མེད། །ཅེས་སོ། །རང་གི་ལྕེའི་སྟེང་དུ་དྷཱི་དམར་སེར་མགོ་གྲེ་ཕུགས་སུ་བསྟན་ཏེ་ཉལ་ཐབས་སུ་ གནས་པ། སྙིང་གིའི་སྔགས་འཁོར་ལས་འོད་ཟེར་འཕྲོས། ལུས་གང་སྡིག་སྒྲིབ་ཐམས་ཅད་དག་ཕྱིར་ འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་འཇམ་དབྱངས་ཀྱི་གོ་འཕང་ལ་འགོད། རྒྱལ་བ་སྲས་བཅས་ལ་ [006B] དེ་དག་གི་མཁྱེན་བརྩེ་ནུས་མཐུ་དང། ཉན་རང་འཕགས་པ། ཕྱི་ནང་གི་ མཁས་པ་པཎྜི་ཏ་སོགས་ཀྱི་ཐོས་བསམ་བསྒོམ་གསུམ། འཆད་རྩོད་རྩོམ་འཛིན་གྱི་ཤེས་རབ་ཐམས་ཅད་ དྷཱི་འི་རྣམ་པར་བསྡུས་ཏེ། སྙིང་གའི་དྷཱི་རྣམས་ལ་ཐིམ་པས་འོད་ཟེར་ཆེར་འཕྲོས་ཏེ། མི་ཤེས་པའི་རྨོངས་ པ་ཐམས་ཅད་སྦྱངས། གསུང་རབ་ཐམས་ཅད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་སྐྱེ་བར་བསམ་ ལ༑ དྷཱི་དྷཱི་དྷཱི་དྷཱི་ཞེས་ཅི་ནུས་བཟླ། ཡང་ན་དྷཱི་དྲུག་གི་ཚབ་ཏུ་འབྲུ་དྲུག་འགོད་ཀྱང་ཆོག་སྟེ། དཔའ་བོ་རྡོ་རྗེས་མཛད་པའི་སྒྲུབ་ཐབས་ [007A]༄༅། །ལ༑ ཨོཾ་ཨ་ར་པ་ཙ་ན་ཞེས་པའམ། དྷཱི་དྲུག་གིས་བསྐོར་བ། ཞེས་འདམ་ཀ་ཅན་དུ་གསུངས་པ་དང་ རྗེ་བཙུན་གྱིས། དཔའ་གཅིག་རྐྱང་པའི་འཁོར་ལོ་ལ། །གལ་ཏེ་འབྲུ་དྲུག་བཀོད་ལགས་ན། །དམིགས་པ་དབུས་ཀྱི་དྷཱི་ལ་གཏད། །དྷཱི་དྲུག་བཀོད་ན་དེ་ ལ་གཏད། །དྷཱི་རྐྱང་ཁོ་ན་གྲངས་པས་ན། །དཔའ་གཅིག་དྷཱི་དྲུག་བཀོད་པ་ཟབ། །ཅེས་དང། སྒྲུབ་ཐབས་ལས་ཀྱང། དྷཱི་རྐྱང་གི་དམིགས་ པ་བྱའོ། །ཞེས་སོ། །གཞན་ཡང། སྐུ་ཡིས་ཆེ་ཞིང་གསུང་གིས་གསལ། །ས་བོན་མྱུར་བ་ཕྱག་མཚན་ཟབ། །གླེགས་བམ་རལ་གྲི་གླེགས་ རལ་གྱིས། །འཆད་དང་རྩོད་དང་རྩོམ་པའོ། །ཞེས་པ་ལྟར་ཤེས་རབ་ཆེ་བ་འདོད་ན། དམིགས་པ་གཞན་སྔར་ལྟར་ལས། འཁོར་འདས་ཀྱི་ [007B] སྙིང་གའི་སྔགས་ཕྲེང་ལ་ཐིམ་ པས་འོད་ཟེར་ཆེར་འཕྲོས། རྨོངས་པ་ཐམས་ཅད་སྦྱངས། ཤེས་རབ་ཆེ་བ་སྐྱེ་བར་བསམ། དེ་བཞིན་དུ། གསལ་ བ་ལ། ཨ་ར་པ་ཙ་ན། མྱུར་བ་ལ། དྷཱི་ཟབ་པ་ལ། ཕྱག་མཚན་ཨུཏྤལ། འཆད་པ་ལ། གླེགས་བམ། རྩོད་ པ་ལ། རལ་གྲི། རྩོམ་པ་ལ། གླེགས་རལ་གཉིས་ཀའི་རྣམ་པར་བསྡུས་ཏེ། ཤེས་རབ་དེ་དང་དེ་ཐོབ་པའི་དམིགས་པ་བྱེད་ རལ་གྲའི་འཁོར་ལོ་བསྐོར་ན་ཤེས་རབ་ཆེས་མྱུར་ཡང་འདི་སྒྲུབ་ཐབས་ལྟར་འཁོར་ལོ་མ་བསྐོར་བའི་ལུགས་ཏེ། རྗེ་བཙུན་གྱིས། གལ་ཏེ་འཁོར་ལོ་མི་ [008A]༄༅། །བསྐོར་ན། །ཀློག་ཚུལ་སྔགས་ལ་དམིགས་པ་གཏད། །མྱུར་མགྱོགས་འཁོར་ལོ་བསྐོར་ན་ཆེ། །འཁོར་ལོ་མ་ བསྐོར་བགེགས་རྣམས་ཉུང། །ཞེས་སོ།། འཁོར་ལོ་བསྐོར་ན་མི་འདྲ་བ་གསུམ་ཡོད་པ་ལས། སྙིང་འཁོར་ལོར་བསྒོམ་པ་ནི། རང་གི་ སྙིང་ཉིད་འཇའ་འོད་སྣ་ལྔ་ཟླུམ་བུའི་གཞི་ལ་རལ་གྲིའི་འཁོར་ལོ་སྔོན་པོ་རྩིབས་དྲུག་ཏུ་གྱུར་པའི་རལ་གྲིའི་རྩེ་མོ་འོད་ཀྱི་ཐག་ པས་སྤྲེལ་བ། དེ་ཡང་སོ་གཙུགས་པ་མ་ཡིན་པ། ལེབ་ཏུ་ཡོད་པ། འཆང་བཟུང་ཡང་འོད་ཀྱིས་སྤྲེས་པའི་ དཀྱིལ་སྟོང་པ་དེར་ཟླ་བ་ལ་དྷཱི་དེ་ལ་འཁོར་ལོའི་ལྟེ་བ་ཅུང་མ་རེག་པ། རྩི་བས་དྲུག་གི་སྟེང་དུ་རྩིབས་ལ་ཅུང་མ་རེག་ [008B] སྔགས་དང་འཁོར་ལོ་ཉི་མ་ལྟར་རྣོ་ཞིང་ཟླ་བ་ལྟར་གསལ་བ། ངོ་བོ་འོད་ཀྱི་རང་བཞིན་ ཅན༑ ཆུ་མྱུར་དུ་འཁོར་བའི་དབུས་མི་འཁོར་བ་ལྟར། གཙོ་བོའི་ས་བོན་མི་འཁོར་ཞིང། འགལ་མེའི་འཁོར་ལོ་མྱུར་དུ་ འཁོར་བ་ལ་མེའི་ཕུང་པོ་མཐོང་བ་ལས་འཁོར་བ་མི་མཐོང་བ་ལྟར། འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་མྱུར་བར་འཁོར་བས་འཁོར་ ལོ་དང་ཡི་གེའི་འོད་ཟེར་ཕན་ཚུན་འཐབ་སྟེ། མི་ཤེས་པའི་རྨོངས་པ་དང་སྡིག་སྒྲིབ་ཐམས་ཅད་སྦྱངས། འོད་ ཟེར་ཕྱིར་འཕྲོས། སོགས་སྤྲོ་འདུའི་དམིགས་པ་སྔར་བཞིན་ཡིད་མ་གཡེང་བར་སྔགས་བཟླ་བར་བྱ་སྟེ། རྗེ་བཙུན་གྱིས། འཁོར་ལོ་རྣོ་གསལ་ [009A]༄༅། །མྱུར་བ་སྟེ། །འཁོར་ལོ་གཡས་དང་ཡིག་འབྲུ་གཡོན། །འོད་ཟེར་དང་བཅས་བསྒོམ་པར་བྱ། །རྩིབས་དྲུག་སྟེང་དུ་ འབྲུ་དྲུག་དགོད། །སྙིང་ཉིད་འཁོར་ལོར་བསྒོམ་པ་དང། །ཞེས་དང། གཙོ་བོའི་ས་བོན་འཁོར་བ་མེད། །སྔགས་དང་འཁོར་ལོ་རེག་པ་མེད། །ཅེས་ པའི་ཚིག་རྐང་དང་པོ་བཞི་དང། ཐ་མའི་གཉིས་འཁོར་ལོའི་བཤད་པ་ཡིན་པས་ཕྱི་མ་གཉིས་ལའང་སྦྱར་དགོས་སོ། །སྙིང་པདྨར་བསྒོམ་པ་ནི། རང་གི་ སྙིང་པདྨ་འདབ་མ་དྲུག་ཏུ་གྱུར་པའི་ལྟེ་བར་འཇའ་འོད་ཀྱི་གཞི་ལ་རལ་གྲིའི་འཁོར་ལོ། སྔར་ལྟར་གསལ་བཏབ། འཁོར་ལོ་བསྐོར་ བ་དང་མཉམ་དུ་སྙིང་པད་འདབ་ཏུ་གྱུར་པ་ཁ་ཟུམ་པའི་ཕྱི་རོལ་དུ་ཨཱ་ལི་ཀཱ་ལིའི་ཐག་པས་དམ་དུ་བཅིང་བ་དང། དེའི་ཕྱི་རོལ་འོད་ཟེར་སྣ་ལྔས་བསྡམས་པའི་ [009B] འཁོར་ལོ་སྙིང་ལ་མ་རེག་པ། རྩིབས་རྣོ་བ། འཁོར་ལོ་གསལ་བ། མྱུར་བར་འཁོར་བ། འོད་ཟེར་འཕྲོ་འདུ་དང་བཅས་སྔར་ལྟར་ དམིགས་ནས་བཟླས་པ་བྱ་སྟེ། སྙིང་གི་པདྨ་འདབ་དྲུག་སྟེ། །འཁོར་ལོ་བསྐོར་དང་སྙིང་ག་ཟླུམ། །ནང་དུ་འཁོར་ལོ་བསྐོར་བ་དང། །སྙིང་ཡང་ཨཱ་ ལི་ཀཱ་ལི་དང། །འོད་ཟེར་སྣ་ལྔས་བསྡམས་པ་དང། །ཞེས་སོ། །སྙིང་རྡོ་རྗེར་བསྒོམ་པ་ནི། རང་གི་སྙིང་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་ ལྟེ་བ་ཞྭ་མོ་གཉིས་ཁ་སྦྱར་བ་ལྟ་བུའི་ནང་དུ་འཇའ་འོད་ཀྱི་གཞི་ལ་རལ་གྲིའི་འཁོར་ལོ། སྔར་བཞིན་ཏེ། སྙིང་ ནི་རྡོ་རྗེར་བསྒོམ་པ་དང། །མཁས་པས་ཁྱད་པར་ཤེས་པར་བྱ། །འཁོར་ལོ་སྙིང་ལ་རེག་མི་བྱ། །ཞེས་པས་དེ་གསུམ་གང་བསྒོམ་ [010A]༄༅། །ཀྱང་ཆོག་གོ་འཁོར་ལོའི་བཤད་པ་གཙོ་ཆེར་ལུས་དཀྱིལ་ལ་སྦྱར་བར་སྣང་ཡང་དཔའ་གཅིག་ལའང་སྦྱར་ དགོས་ཏེ། དཔའ་གཅིག་རྐྱང་བའི་འཁོར་ལོ་ལ། །འབྲུ་དྲུག་ཚབ་ཏུ་དྷཱི་དྲུག་དགོད། །ཅེས་པས་རྒྱས་བཀབ་བྱ་ཚུལ་གསུངས་སོ། ། གལ་ཏེ་སྔགས་འཁོར་མཉམ་དུ་བསྐོར་བ་མ་བདེ་ན་བར་སྐབས་སུ་འཁོར་ལོ་བསྐོར་བ་དང། བར་སྐབས་སུ་ཡི་གེ་བསྐོར་བ་སོགས་རེས་མོས་ སུ་བྱས་ཀྱང་ཆོག་སྟེ། འཁོར་ལོ་ཡིག་འབྲུ་དུས་མཉམ་དུ། །འཁོར་བའི་དམིགས་པ་མ་གྱུར་ན། །རེས་མོས་བསྐོར་བས་ཆོག་ཅེས་གསུང།། ཞེས་སོ། །འཁོར་ལོ་བསྐོར་བ་དང་མ་བསྐོར་བ་གང་བྱས་ཀྱང་ཐུན་འཇོག་དུས་སུ། ལྕེ་སྟེང་གི་དྷཱི་འི་འོད་ཟེར་གྱིས་རྒྱལ་བ་སྲས་ [010B] དབུགས་ཐེངས་གཅིག་གིས་དྷཱི་བརྒྱ་རྩ་བརྒྱད་བགྲང་ནས་མཆིལ་མ་མིད་པ་ དང་མཉམ་དུ་ལྕེ་ཕུག་གི་དྷཱི་འོད་དང་བཅས་པ་ཁོག་པའི་ནང་དུ་སོང་ནས་སྙིང་ཁའི་དྷཱི་ལ་ཐིམ་པས་མེ་ལ་མར་ཕྲད་པ་ བཞིན་འོད་ཟེར་ཆེར་འཕྲོས། ལུས་ཐམས་ཅད་གང། སྡིག་སྒྲིབ་ཐམས་ཅད་དག་ལུས་ངག་ཡིད་གསུམ་ཐམས་ ཅད་ཀྱང་འོད་དུ་གྱུར་ཏེ། ཐུགས་ཀའི་དྷཱི་ལ་ཐིམ། དེ་ཚེག་དྲག་ལ་ཐིམ། དེ་དམིགས་མེད་དུ་གྱུར་པ་ལ་བཞག་གོ་ སྟོང་པའི་ངང་ལས་རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུར་ལམ་གྱིས་བཞེངས་པར་གྱུར། གནས་གསུམ་བསྲུང་ [011A]༄༅། །གསུམ་པ་མཇུག་ཆོག་ལ་གཏོར་མ་འབྲུལ་བར་འདོད་ན་དཀར་གཏོར་བཤམས་ཏེ། བསང་སྦྱངས། སྟོང་པའི་དང་ ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱ་ཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་རྒྱ་ མཚོར་གྱུར། ཨོཾ་ཨཱ་ཧཱུཾ། ལན་གསུམ་བརྗོད། རང་གི་སྙིང་ཁའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ ནས་རྗེ་བཙུན་འཇམ་དབྱངས་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྦྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་གསོལ་བར་ གྱུར༑ ཨོཾ་ཨཱརྱ་མཉྫུ་ཤྲཱི་སརྦ་བུདྡྷ་བོ་དཧི་ས་ཏྭ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། སྔགས་དེ་ལ་ཨརྒྷཾ་ [011B] གང་གི་བློ་གྲོས་མས་བསྟོད། བརྩེ་ལྡན་ཁྱེད་ཀྱིས་མཁྱེན་རབ་འོད་ཟེར་གྱིས། །སོགས་དང་ དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། །སོགས་ཀྱིས་སྨོན་ལམ་གདབ། ཡིག་བརྒྱ་ལན་གསུམ། བཟོད་གསོལ། གཏོར་ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཤིས་པ་བརྗོད། ཐུན་མཚམས་སུ་སྣང་གྲགས་ཐམས་ཅད་ཁྱེར་སོ་གསུམ་གྱི་རྣལ་འབྱོར་ ལ་བསླབ་པར་བྱའོ། །གཉིས་པ་རྗེས་གནང་བྱེད་ན། མཎྜལ་པདྨ་དཀར་པོ་འདབ་མ་དྲུག་གི་ལྟེ་བར་དྷཱི་དམར་སེར་བྲི། མཐའ་མཆོད་གཏོར་གྱིས་ བསྐོར༑ བདག་བསྐྱེད་སྔོན་དུ་འགྲོ་བས། དཀྱིལ་འཁོར་བསང་སྦྱངས། བདག་བསྐྱེད་བཞིན་ལྷར་བསྐྱེད་དེ། རང་ཉིད་ཅེས་པའི་ཚིག་དོར་ [012A]༄༅། །དབང་བསྐུར་བའི་སྐབས་ཀྱི། བདག་ལ་ཞེས་པ། འདི་ལ་ཡང། །ཞེས་དང། བུ་ཁྱོད་ལ་ནི། ཞེས་ པ༑ འདི་ཉིད་ལ་ནི་ཞེས་དང། ཡེ་ཤེས་པའི་ཚུལ་དུ་དེ་ཉིད་ལ་ཐིམ་པར་གྱུར། ཞེས་པའི་ཁྱད་པར་རྣམས་སྦྱར་བར་བྱ། མཆོད་ བསྟོད་བཟླས་པ་གཏོར་མ་འབུལ་སྟེ། སློབ་མའི་དོན་དུ་གསོལ་བ་གདབ། སློབ་མས་མཎྜལ་འབུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན།། སོགས་ཀྱིས་གསོལ་བ་ལན་གསུམ་གདབ། ལྷ་ངོ་བསྟན་ཏེ། མཐའ་བསྐོར་དུ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བར་ མོས་ལ། རྒྱུད་དག་པར་བྱ་བའི་སླད་དུ་དེ་དག་གི་སྤྱན་སྔར་སྡོམ་པ་འཛིན་པ་འདིའི་རྗེས་ཟློས་མཛོད། དཀོན་ [012B] དེ་ནས་སློབ་མ་སབྷཱ་ཝས་སྟོང་པར་སྦྱངས། དེའི་ངང་ལས་སློབ་མ་མངོན་རྟོགས་ལྟར་ལྷར་བསྐྱེད་ གནས་གསུམ་བྱིན་གྱིས་རླབས། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་ བཅས་ཀྱི་ཐུགས་ཀ་ནས་རྗེ་བཙུན་འཇམ་དབྱངས་དཔག་ཏུ་མེད་པ་སྦྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་ཆར་ བབ་པ་བཞིན་དུ་སིབ་སིབ་ཐིམ་པའི་མོས་པ་མཛོད། དྲིལ་བུ་བསིལ་ཞིང་སྔགས་དང། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད། དེ་ནི་ རྗེས་གནང་གི་གཞི་དགོད་པའོ། །དེ་ནས། དུས་གསུམ་རྒྱལ་བ་ཐམས་ཅད་དང། །སྐུ་གསུམ་ཡེ་ཤེས་དབྱེར་མེད་པ། ། [013A]༄༅། །འགྲོ་བའི་འདྲེན་མཆོག་འཇམ་པའི་དབྱངས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ། ། ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག་དེ་ནས། བླ་མ་དང་དབྱེར་མེད་པའི་མདུན་བསྐྱེད་ཀྱི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ བྱུང་ནས། སློབ་མའི་སྤྱི་བོར་ཐིམ་པས་སྐུའི་རྗེས་གནང་ཐོབ། ལུས་ཀྱི་སྒྲིབ་པ་དག་སློབ་མའི་ལུས་རྗེ་བཙུན་ གྱི་སྐུའི་རང་བཞིན་དུ་གྱུར་པའི་མོས་པ་མཛོད། སྔགས་རོལ་བྱ། ཡང་བླ་མ་དང་དབྱེར་མེད་པའི་མདུན་བསྐྱེད་ཀྱི་མགྲིན་ པའི་ཨཱ་ལས་འོད་ཟེར་དམར་པོ་བྱུང་ནས། སློབ་མའི་མགྲིན་པར་ཐིམ་པས་གསུང་གི་རྗེས་གནང་ཐོབ། ངག་ [013B]སློབ་མའི་ངག་རྗེ་བཙུན་གྱི་གསུང་གི་རང་བཞིན་དུ་གྱུར་པར་བསམ་ལ། སྔགས་རོལ་བྱ། ཡང་བླ་མ་དང་ དབྱེར་མེད་པའི་མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་བྱུང་ནས་སློབ་མའི་སྙིང་གར་ཐིམ་པས་ཐུགས་ཀྱི་རྗེས་ གནང་ཐོབ། ཡིད་ཀྱི་སྒྲིབ་པ་དག་སློམ་མའི་ཡིད་རྗེ་བཙུན་གྱི་ཐུགས་ཀྱི་རང་བཞིན་དུ་གྱུར་པར་བསམ། སྔགས་རོལ་ བྱ༑ དེ་ནས་བླ་མ་དང་ཡི་དམ་དབྱེར་མེད་པའི་ཐུགས་ཀའི་དྷཱི་ལས་དྷཱིའི་ཕྲེང་བ་བྱུང་ཞལ་ནས་ཐོན། སློབ་མའི་ཞལ་ དུ་ཞུགས། ཐུགས་ཀའི་དྷཱི་ལ་ཐིམ་པས་ཤེས་རབ་ཀྱི་སྣང་བ་རྒྱས་པར་བསམ་ལ། དྷཱི་བརྒྱ་རྩ་བརྒྱད་རྗེས་ཟློས་བྱེད་ [014A]༄༅། །དུ་གཞུག། དེ་ནས་ལྷ་ཐིམ་པའི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་ མཛོད༑ ཇི་ལྟར་མགོན་པོ་ཁྱེད་ཀྱིས་ནི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །གཞན་ཕྱིར་མངོན་དུ་ མཛད་པ་བཞིན། །མགོན་པོས་བདག་ལ་སྩལ་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་ མཎྜལའི་ལྷ་ཁྱེད་རང་རྣམས་ལ་ཐིམ་པས་རྗེ་བཙུན་གྱི་སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་ མེད་དུ་གྱུར་པར་བསམ། མེ་ཏོག་གམ་རྗེ་བཙུན་གྱི་སྐུ་སློབ་མའི་མགོར་བཞག་ལ། ཇི་ལྟར་མགོན་པོ་འཇམ་དབྱངས་ [014B] ༑ཡོན་ཏན་དཔག་མེད་མངའ་ཇི་བཞིན། །འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ཡིས། །སྐལ་ལྡན་འདི་ལ་འཇུག་ པར་ཤོག་ཅེས་ལན་གསུམ་བརྗོད། དེ་ལྟར་འཇམ་དབྱངས་དཔའ་གཅིག་གི་རྗེས་གནང་གསན་པས་གཏང་རག་ གི་མཎྜལ་འབུལ། མཆོད་པ་ཁ་གསོས། མཆོད་བསྟོད་བྱ། སྨོན་ལམ་དང། བཀྲ་ཤིས་བརྗོད། བཟོད་གསོལ་བྱ། ལྷ་གཤེགས་སུ་གསོལ་ དམ་ཚིག་པ་རང་ལ་བསྡུའོ། །གཉིས་པ་འཇམ་དབྱངས་ལུས་དཀྱིལ་ནི། སྐྱབས་འགྲོ་སེམས་བསྐྱེད་དཔའ་གཅིག་དང་འདྲ། རང་ཉིད་རྗེ་ བཙུན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་ [015A]༄༅། །འཇམ་པའི་དབྱངས་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། དུས་གསུམ་སངས་ རྒྱས་ཀུན་གྱི་ངོ་བོ་ཉིད། །ལེགས་ཚོགས་མ་ལུས་འབྱུང་བའི་སྒོ་གཅིག་པུ། །སྲིད་དང་ཞི་བའི་འཇིགས་ལས་ སྐྱོབ་བྱེད་པའི། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་རྒྱལ་ཀུན་དང་པོར་སེམས་བསྐྱེད་ཅིང།། བར་དུ་ཚོགས་གཉིས་བསགས་པའི་བཤེས་གཉེན་མཛད། །ཐ་མར་ཀུན་གྱི་སྲས་ཀྱི་ཚུལ་འཛིན་པ། །འཕགས་པ་ འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྤངས་རྟོགས་བསྟན་པ་སྟོན་པ་རྫོགས་སངས་རྒྱས། །སྡུག་ཀུན་ [015B] །ཆོས་རྣམས་རང་རྒྱུད་སྒྲུབ་གྲོགས་དགེ་འདུན་ཏེ། །སྐྱབས་གནས་ དམ་པ་རྣམས་ལ་ཕྱག་འཚལ་ལོ། །དགྱེས་བྱེད་བཏུང་བ་མེ་ཏོག་སྣང་གསལ་སྤོས། །ཞལ་ཟས་རོལ་མོ་ཉེ་བའི་ རིན་ཆེན་སོགས། །ལྷ་མའི་ལོངས་སྤྱོད་བཀོད་པ་ཅི་མཆིས་པ། །གནམ་སའི་ཁྱོན་གང་འབུལ་ལོ་བཞེས་སུ་ གསོལ། །དུས་གསུམ་དབང་གིས་ལུས་ངག་ཡིད་གསུམ་གྱིས། །བྱས་པའི་སྡིག་ལྟུང་ཐམས་ཅད་སོ་སོར་ བཤགས། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རང། །འགྲོ་བའི་མགོན་པོ་ཆོས་འཁོར་བསྐོར་དུ་གསོལ།། [016A]༄༅། །ཕན་བདེའི་ཞིང་ལ་བརྟན་པར་བཞུགས་གསོལ་འདེབས། །དགེ་བས་འགྲོ་ཀུན་བྱང་ཆུབ་ ཐོབ་ཕྱིར་བསྔོ། །སྤྲོ་ན་མཚན་བརྗོད་འདོན། ཚོགས་ཞིང་རྣམས་རང་ལ་ཐིམ། སྭ་བྷཱ་ཝ་ས་སྦྱངས། སྟོང་པའི་ ངང་ལས་པདྨ་དང་ཟླ་བའི་གདན་ལ་དྷཱི་འོད་དུ་ཞུ་བ་ལས་རལ་གྲི་ཡུ་བ་ལ་དྷཱི་ས་མཚན་པ་ལས་འོད་འཕྲོས། འཕགས་ པ་མཆོད། སེམས་ཅན་གྱི་དོན་བྱས། ཁྱད་པར་དུའང་འགྲོ་བའི་མུན་པ་ཐམས་ཅད་བསལ། ཚུར་འདུས་ ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་དབྱངས་དམར་སེར་ཞལ་གཅིག་ཕྱག་གཉིས་པའི་གཡས་པས་ཤེས་ [016B] གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པ་ སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་བརྒྱད་སྟོང་པའི་གླེགས་བམ་འཛིན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ་ དར་དང་རིན་པོ་ཆེའི་རྒྱན་རྣམས་ཀྱིས་བརྒྱན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གནས་གསུམ་ དུ་ཟླ་བའི་གདན་ལ་ཐུགས་ཀར་ཐུགས་ཀྱི་འཇམ་དབྱངས་སྔོན་པོ། མགྲིན་པར་གསུང་གི་འཇམ་དབྱངས་དམར་ པོ༑ སྤྱི་བོར་སྐུའི་འཇམ་དབྱངས་དཀར་པོ། དེ་གསུམ་གྱི་ཐུགས་ཀར་སྣ་ཚོགས་པདྨ་འདབ་མ་བཞི་ [017A]༄༅། །པ༑ ཐུགས་ཀྱི་འཇམ་དབྱངས་ཀྱི་ཐུགས་ཀའི་པད་འདབ་བཞིའི་དབུས་སུ་འཇམ་ དབྱངས་སྔོན་པོ། ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ། གསུང་གི་ འཇམ་དབྱངས་ཀྱི་ཐུགས་ཀའི་པད་འདབ་བཞིའི་དབུས་སུ་སྣ་ཚོགས་མཁའ་འགྲོ་མ་དམར་མོ། ཤར་དུ་རྡོ་རྗེ་མཁའ་ འགྲོ་མ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ ལས་ཀྱི་མཁའ་འགྲོ་མ་ལྗང་གུ་སྐུའི་འཇམ་དབྱངས་ཀྱི་ཐུགས་ཀའི་པད་འདབ་བཞིའི་དབུས་སུ་རྣམ་པར་སྣང་ [017B] ཤར་དུ་མི་བསྐྱོད་པ་སྔོན་པོ། ལྷོར་རིན་འབྱུང་སེར་པོ། ནུབ་ཏུ་འོད་དཔག་མེད་དམར་པོ་ བྱང་དུ་དོན་གྲུབ་ལྗང་གུ་གཙོ་བོའི་ལྕེ་ལ་པདྨ་འདབ་མ་བཞི་པའི་དབུས་སུ་རལ་གྲི། ཡུ་བ་ལ་དྷཱི་ས་མཚན་ པ་ནང་དུ་བསྟན་པ། རྩེ་མོར་ཨས་མཚན་པ་ཕྱིར་བསྟན་པ། དེའི་ཤར་དུ་འཇམ་དབྱངས་དཀར་པོ་མཆོག་སྦྱིན་ གྱི་ཕྱག་རྒྱ་དང་ཨུཏྤལ་དཀར་པོ་འཛིན་པ། ལྷོར་འཇམ་དབྱངས་སེར་པོ་རལ་གྲི་དང་གླེགས་བམ་འཛིན་པ་ ནུབ་ཏུ་འཇམ་དབྱངས་དམར་པོ་ནོར་བུ་དང་རྒྱལ་མཚན་འཛིན་པ། བྱང་དུ་འཇམ་དབྱངས་ལྗང་གུ་གྲི་གུག་དང་ [018A]༄༅། །ཐོད་ཁྲག་འཛིན་པའོ། །གཞན་ལྷ་བཅོ་བརྒྱད་པོ་རྣམས་ཕྱག་མཚན་བཞུགས་ཚུལ་ རྒྱན་རྣམས་གཙོ་བོ་ལྟ་བུའོ། །དེ་ཡང། ངག་གི་བདེ་མཉེན་དོན་གཉེར་ན། །གཙོ་བོའི་ལྕེ་ལ་བསྐྱེད་པའོ། །ཞེས་སོ། །འཕྲིན་ལས་ ཀྱི་ལྷ་དེ་བཞི་པོ་སྐུའི་ཡོན་ཏན་འདོད་ན་གཙོ་བོའི་ཡན་ལག་བཞི་ལ་བསྐྱེད། གསུང་གི་ཡོན་ཏན་འདོད་ན་གཙོ་བོ་དང་སྐུ་གསུང་ཐུགས་ཀྱི་ལྷ་བཅོ་བརྒྱད་ཀྱི་ལྕེ་སྟེང་ དུ་ལྷ་བཞི་རེ་བཞི་རེ་བསྐྱེད། ཐུགས་ཀྱི་ཡོན་ཏན་འདོད་ན་ཐུགས་ཀྱི་འཇམ་དབྱངས་སྔོན་པོའི་ཕྱོགས་བཞིར་བསྐྱེད་དེ། སྐུ་ཡི་ཡོན་ཏན་སྒྲུབ་འདོད་ ན༑ གཙོ་བོའི་ཡན་ལག་བཞི་ལ་བསྐྱེད། །ངག་གི་འཕྲིན་ལས་མྱུར་འདོད་ན། །ལྷ་རྣམས་ཀུན་གྱི་ལྕེ་སྟེང་བསྐྱེད། །ཐུགས་ཀྱི་ཐབས་ཤེས་སྤེལ་ [018B] །ཐུགས་ལྷའི་ཕྱོགས་བཞི་དག་ལ་བསྐྱེད། །ཅེས་གསུངས་སོ། །དེ་ཐམས་ཅད་ཀྱི་སྐྱི་བོར་ཨོཾ་སོགས་གནས་གསུམ་དང། མཆོད་ པ་བྱིན་རླབས་དང། ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་ཅིང། གསོལ་བ་གདབ་པ། དབང་བསྐུར་བ་རྣམས་དཔའ་གཅིག་དང་འདྲ་བ་ལས། དབང་ ཐོབ༑ ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རིན་ཆེན་འབྱུང་ལྡན། སྤྱི་བོའི་ལྷ་རྣམས་ལ་རྡོ་རྗེ་སེམས་ དཔའ༑ མགྲིན་པའི་ལྷ་རྣམས་ལ་འོད་དཔག་མེད། ཐུགས་ཀའི་ལྷ་རྣམས་ལ་མི་བསྐྱོད་པ། ལྕེ་སྟེང་གི་ འཇམ་དབྱངས་དཀར་པོ་ལ་རྣམ་སྣང། སེར་པོ་ལ་རིན་འབྱུང། དམར་པོ་ལ་འོད་དཔག་མེད། ལྗང་གུ་ལ་ [019A]༄༅། །དོན་ཡོད་གྲུབ་པས་དབུ་བརྒྱན། དབང་གི་ལྷ་རྣམས་ཛཿ་ཧཱུཾ་བཾ་ཧོཿ་ཡེ་ཤེས་པའི་ཚུལ་དུ་ རང་ལ་ཐིམ་པར་གྱུར། ལྷ་བཅུ་དགུ་པོའི་ཐུགས་ཀར་པད་ཟླའི་སྟེང་དུ་དྷཱི་དམར་སེར་ལ་འབྲུ་དྲུག་གིས་བསྐོར་ བར་དམིགས་ལ་སྤྲོ་བསྡུ་དང་བཅས། ཨོཾ་ཨ་ར་པ་ཙ་ན་དྷཱི་ཞེས་ཅི་ནུས་བཟླ། རལ་གྲི་འཁོར་ལོ་བསྐོར་བར་འདོད་ན། རྒྱས་པ་ནི། ལྷ་རེ་ རེའི་ཐུགས་ཀར་རེ་རེ་དང། གསང་གནས་སུ་གཅིག་ཏེ་ཉི་ཤུ། འབྲིང་ནི་སྐུ་གསུང་ཐུགས་ཀྱི་ལྷ་བཅོ་ལྔ་ལ་རེ་རེ་དང། གསང་གནས་སུ་གཅིག་ཏེ་ བཅུ་དྲུག། བསྡུས་པ་ནི་ཐུགས་ལྷའི་ལྷ་ལྔ་ལ་རེ་རེ་དང་གསང་གནས་སུ་དང་དྲུག་ཡང་བསྡུས་ཐུགས་ཀྱི་དབུས་ཀྱི་གཙོ་བོའམ། སྐུ་གསུང་ [019B] སྔགས་འཁོར་ནི། དྷཱི་དྲུག་གི་ཚབ་ཏུ་ཨོཾ་ཨ་ར་པ་ཙ་ན་དྲུག་གསལ་གདབ་པ་མ་གཏོགས་གཞན་སྔགས་འཁོར་ བསྐོར་ཚུལ་དང་འོད་ཟེར་སྤྲོ་འདུ་སོགས་དཔའ་གཅིག་དང་འདྲའོ། །རྗེ་བཙུན་གྱིས། རྒྱས་པ་འཁོར་ལོ་བཅུ་དགུ་སྟེ། །སྐུ་གསུང་ཐུགས་ ཀྱི་ལྷ་བཅོ་ལྔ། །འཕྲིན་ལས་བཞི་ཡི་ཐུགས་ཀར་གནས། །འབྲིང་ནི་སྐུ་གསུང་ཐུགས་བཅོ་ལྔ། །བསྡུས་པ་ཐུགས་ལྷའི་ལྷ་ལྔའོ། །ཡང་ བསྡུས་ཐུགས་ཀྱི་གཙོ་བོའམ། །སྐུ་གསུང་འཁོར་ལོ་གང་རུང་བྱ། །སྤྱི་བོའི་འཁོར་ལོ་བློ་གསལ་ཏེ། །ངག་གི་མྱུར་མགྱོགས་མགྲིན་ པ་ཆེ། །ཐུགས་ཀྱི་འཁོར་ལོ་ཉམས་རྟོགས་འཕེལ། །གསང་གནས་འཁོར་ལོས་རྒོད་པ་སེལ། །ཞེས་སོ། །ཐུན་འཇོག་ [020A]༄༅། །དུས་སུ། རང་ལྷ་བསལ་བའི་སྤྱི་བོ་དང་མགྲིན་པའི་འཇམ་དབྱངས་ཐུགས་ ཀའི་འཇམ་དབྱངས་ལ་ཐིམ། རང་ཡང་དེ་ལ་ཐིམ་དེ་ཐུགས་ཀའི་གཙོ་བོ་ལ་ཐིམ། དེ་དྷཱི་ལ་ཐིམ་ དེ་ཚེག་དྲག་ལ་ཐིམ། དེ་དམིགས་མེད་དུ་གྱུར། དེ་ལ་མཉམ་པར་བཞག་སྟོང་པའི་ངང་ལས་རང་ཉིད་འཇམ་ དབྱངས་ཀྱི་སྐུར་ལམ་གྱིས་བཞེངས་པ་ལ་གནས་གསུམ་བསྲུང། གཏོར་མ་འབུལ་བར་འདོད་ན་དཔའ་གཅིག་ལྟར་བྱ། འདིའི་ རྗེས་གནང་བྱེད་ན་མཎྜལ་པདྨ་དཀར་པོ་འདབ་མ་དྲུག་པའི་དབུས་སུ་དྷཱི་དམར་སེར། འདབ་མ་དྲུག་ལ་ཤར་ནས་གཡས་བསྐོར་དུ་ཨོཾ་ [020B] མཐའ་མཆོད་གཏོར་གྱིས་བསྐོར། རལ་གྲི། མཚན་བརྗོད་ཀྱི་གླེགས་བམ་བཤམས། བདག་བསྐྱེད་བཏང་ དཀྱིལ་འཁོར་བསང་སྦྱངས། མདུན་བསྐྱེད་ལུས་དཀྱིལ་གྱི་ལྷ་བཅས་མངོན་རྟོགས་བཞིན་བསྐྱེད་ལ། དབང་བསྐུར་མཆོད་བསྟོད་ བཟླས་པ་སོགས་རིག་པས་བསྒྱུར་ནས་བྱ། སློབ་མས་མཎྜལ་འབུལ་བ་ནས། རྗེས་གནང་གི་གཞི་དགོས་པ་ཡན་ཆད་དཔའ་གཅིག་བཞིན་ བྱ་སྟེ། སྐུའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྐུ་གསུམ་མངའ་བདག་ མཚན་དཔེས་བརྒྱན། །སྐུ་གཅིག་ལ་སོགས་གྲངས་མེད་སྐུས། །རྣམ་ཀུན་འགྲོ་རྣམས་སྒྲོལ་མཛད་ [021A]༄༅། །པ༑ ༑རྗེ་བཙུན་སྐུ་ཡི་བྱིན་རླབས་སྩོལ། །ཞེས་ལན་གསུམ། དེ་ལྟར་གསོལ་ བ་བཏབ་པས་མདུན་གྱི་འཇམ་དབྱངས་ཀྱི་སྐུ་ལུས་དཀྱིལ་དང་བཅས་པ་ལས་རང་འདྲ་གཉིས་པ་རེ་ཆད་ནས་ཁྱེད་ རང་རྣམས་ཀྱི་ལུས་ལ་ཐིམ་པས་ཁྱེད་རང་རྣམས་འཇམ་པའི་དབྱངས་ཀྱི་སྐུར་གྱུར་པའི་གནས་གསུམ་དུ་ཟླ་བའི་ གདན་ལ་ཐུགས་ཀར་ཐུགས་ཀྱི་འཇམ་དབྱངས་སྔོན་པོ། ཞེས་སོགས་ལུས་དཀྱིལ་གྱི་ལྷ་ལྗགས་ཀྱི་ལྷ་དང་བཅས་མངོན་རྟོགས་བཞིན་ ཆ་ཚང་བརྡ་སྤྲོད་དེ། རྗེ་བཙུན་གྱི་སྐུའམ་མེ་ཏོག་སློབ་མའི་མགོར་བཞག་ལ༑ ཇི་ལྟར་དུས་གསུམ་སངས་རྒྱས་ཀྱིས། ། [021B] །དེ་བཞིན་འཇམ་དབྱངས་བྱིན་རླབས་ཀྱིས། །བུ་ཁྱོད་ལ་ནི་ཐོབ་པར་ཤོག་ཅེས་ བརྗོད། དེས་ལུས་ཀྱི་སྒྲིབ་པ་དག་སྐུའི་རྗེས་གནང་ཐོབ་པར་བསམ། གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་ གདབ་པ་ནི། གསུང་དབྱངས་རྫོགས་ནས་འགྲོ་བ་རྣམས། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །ཆོས་ཀྱི་ འཁོར་ལོ་བསྐོར་མཛད་པ། །རྗེ་བཙུན་གསུང་གི་བྱིན་རླབས་སྩོལ། །ལན་གསུམ། བླ་མ་དང་མདུན་གྱི་རྗེ་བཙུན་ གྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང། སློབ་མའི་ཞལ་དུ་ཞུགས། ལུས་དཀྱིལ་ལྷ་སོ་སོའི་ཐུགས་ཀར་དམར་ [022A]༄༅། །ཁྱུག་གེ་འཁོད་པར་མོས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱི་ཞེས་རྗེས་ཟློས་བརྒྱ་རྩ་བརྒྱད་བྱེད་དུ་ གཞུག་དེས་ངག་གི་སྒྲིབ་པ་དག་གསུང་གི་རྗེས་གནང་ཐོབ། ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་ གདབ་པ་ནི། བདུད་བཞི་གཏན་འཇོམ་ཡང་དག་མཐའ། །རྣམ་ཀུན་མངོན་གྱུར་ཐུགས་རྗེ་ཡིས། །འགྲོ་བ་ མ་ལུས་སྒྲོལ་མཛད་པ། །རྗེ་བཙུན་ཐུགས་ཀྱི་བྱིན་རླབས་སྩོལ། །ལན་གསུམ། མདུན་བསྐྱེད་ཀྱི་རྗེ་བཙུན་ གྱི་ཐུགས་ཀའི་ཐུགས་ཀྱི་འཇམ་དབྱངས་ཀྱི་ཐུགས་ཀར་དྷཱི་དམར་སེར་གྱི་གུར་ཁང་གི་དབུས་སུ་དྷཱི་དམར་སེར་ [022B] ལ་ཐིམ་པས་ཁྱེད་རང་གི་སེམས་དྷཱི་དེ་ཡང་གསལ་ལ་དྭངས་པ་ཅིག་ཏུ་གྱུར། དེ་ཡང་རིམ་བཞིན་ཚེག་དྲག་ལ་ཐིམ་ དེ་ཡང་རིམ་བཞིན་ནམ་མཁའ་ལ་འཇའ་ཡལ་བཞིན་དུ་བསམ་ལ། དེའི་ངང་ལ་མཉམ་པར་གཞག་གོ་དེས་ ཡིད་ཀྱི་སྒྲིབ་པ་དག་ཐུགས་ཀྱི་རྗེས་གནང་ཐོབ། རིགས་ལྔའི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ ནི༑ དུས་གསུམ་རྒྱལ་བ་ཐམས་ཅད་དང། །སྐུ་གསུམ་ཡེ་ཤེས་དབྱེར་མེད་པ། །འགྲོ་བའི་འདྲེན་ [023A]༄༅། །མཆོག་འཇམ་པའི་དབྱངས། །གཤེགས་པ་གཤེགས་མའི་བྱིན་རླབས་སྩོལ། ། ལན་གསུམ། མདུན་བསྐྱེད་ཀྱི་སྤྱི་བོའི་ལྷ་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་པོ་བྱུང། ཁྱེད་རང་གི་ སྤྱི་བོར་ཐིམ། རིགས་ལྔའི་རྗེས་གནང་ཐོབ། རྗེ་བཙུན་གྱི་སྐུའི་བྱིན་རླབས་ཐམས་ཅད་ཐོབ་པར་བསམ་ སྔགས་རོལ་བྱ། ཡང་མདུན་བསྐྱེད་ཀྱི་མགྲིན་པའི་ལྷ་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དམར་པོ་བྱུང་ ཁྱེད་རང་གི་མགྲིན་པར་ཐིམ། ཡུམ་ལྔའི་རྗེས་གནང་ཐོབ། རྗེ་བཙུན་གྱི་གསུང་གི་བྱིན་རླབས་ཐམས་ [023B] སྔགས་རོལ་བྱ། ཡང་རྗེ་བཙུན་གྱི་ཐུགས་ཀའི་ལྷ་རྣམས་ཀྱི་གནས་གསུམ་ནས་འོད་ ཟེར་སྔོན་པོ་བྱུང། ཁྱེད་རང་གི་ཐུགས་ཀར་ཐིམ། ཐུགས་ཀྱི་འཇམ་དབྱངས་ཀྱི་ལྷ་རྣམས་ཀྱི་རྗེས་གནང་ཐོབ་ རྗེ་བཙུན་གྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པར་བསམ། སྔགས་རོལ་བྱ། ཡང་གསོལ་འདེབས་རིགས་ལྔ་ བཞིན་ལས། ཚིག་རྐང་ཐ་མ། ལས་བཞི་ལྷ་ཡི་བྱིན་རླབས་སྩོལ། །ཞེས་བསྒྱུར། མདུན་བསྐྱེད་ཀྱི་ལྷའི་ ལྗགས་སྟེང་གི་འཇམ་དབྱངས་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང། ཁྱེད་རང་གི་སྤྱི་བོར་ཐིམ། ཞི་ [024A]༄༅། །བའི་འཕྲིན་ལས་འགྲུབ་པ་ལ་དབང། དེ་བཞིན་དུ་ལྗགས་སྟེང་གི་འཇམ་དབྱངས་ སེར་པོ་ལས་འོད་ཟེར་སེར་པོ་བྱུང་ཁྱེད་རང་གི་ལྟེ་བར་ཐིམ། རྒྱས་པའི་འཕྲིན་ལས་འགྲུབ་པ་ལ་དབང་ འཇམ་དབྱངས་དམར་པོ་ལས་འོད་ཟེར་དམར་པོ་བྱུང། ཁྱེད་རང་གི་མགྲིན་པར་ཐིམ། དབང་གི་འཕྲིན་ ལས་འགྲུབ་པ་ལ་དབང། འཇམ་དབྱངས་ལྗང་གུ་ལས་འོད་ཟེར་ལྗང་གུ་བྱུང། ཁྱེད་རང་གི་ཐུགས་ཀར་ ཐིམ༑ དྲག་པོ་འཕྲིན་ལས་འགྲུབ་པ་ལ་དབང། དེ་ནས་རལ་གྲི་ཐོགས་ཏེ། རྗེ་བཙུན་གྱི་ཐུགས་ཀྱི་ཡེ་ [024B] པའི་ཤེས་རབ་ཐོབ་པའི་མོས་པ་མཛོད། ཅེས་ལག་པ་གཡས་སུ་གཏད་ལ། ཇི་ལྟར་དུས་གསུམ་སངས་རྒྱས་ ཀྱིས༑ ༑ཀུན་རྟོགས་ཐམས་ཅད་འཇོམ་པ་བཞིན། །ཤེས་རབ་རལ་གྲི་འདི་བྱིན་པས། །སྲིད་པའི་ འཆིང་བ་ཀུན་གཅོད་ཤོག་གླེགས་བམ་ཐོགས་ཏེ། རྗེ་བཙུན་གྱི་ཐུགས་ཀྱི་ཡེ་ཤེས་གླེགས་བམ་གྱི་རྣམ་པར་ ཤར་བ་ཁྱེད་རང་གི་ཕྱག་གཡོན་དུ་ཕུལ་བས་ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཤེས་ [025A]༄༅། །རབ་ཐོབ་པའི་མོས་པ་མཛོད། ལག་པ་གཡོན་དུ་བྱིན་ལ། ཇི་ལྟར་དུས་གསུམ་སངས་ རྒྱས་ཀྱིས། །གནས་ལུགས་མངོན་དུ་མཛད་པ་བཞིན། །བུ་ལ་གླེགས་བམ་འདི་བྱིན་པས། །གནས་ ལུགས་མངོན་དུ་འགྱུར་བར་ཤོག་ཅེས་བརྗོད། ལྷ་ཐིམ་པའི་རྗེས་གནང་དང། མཇུག་ཆོག་གཉིས་དཔའ་གཅིག་དང་འདྲའོ། ། གསུམ་པ་འཇམ་དབྱངས་གསང་སྒྲུབ་ནི། སྐྱབས་སེམས་དཔའ་གཅིག་དང་འདྲ། དོན་གཉིས་མཐར་ཕྱིན་པར་བྱ་བཱཨ་ཕྱིར་ཟབ་ལམ་བླ་མའི་ རྣལ་འབྱོར་བསྒོམ་པར་བྱ་སྟེ། དེ་ཡང། རང་ཡི་དམ་དུ་གསལ་བའི་སྙིང་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་ [025B] པ་རིམ་པ་ལྔ་དང་ལྡན་པ། རྒྱན་དུ་མས་སྤྲས་པའི་གཞལ་ཡས་ཁང་ཆེན་པོའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ ཕྱོགས་སྐྱོང་བརྒྱད། ཤིང་བརྒྱད། ཞིང་སྐྱོང་བརྒྱད་ལ་སོགས་པ་ཐམས་ཅད་ཀྱིས་བསྐོར་བའི་རྒྱས་པར་བྱེད་ན་གཞལ་ ཡས་ཁང་བསྐྱེད་ཚུལ་འཇིགས་བྱེད་དཔའ་གཅིག་བཞིན་བྱེད་གསུང་པ་རྗེའི་གསུང་ཡིན་ནོ། དབུས་སུ་སེང་གེ་བརྒྱད་ཀྱིས་བཏེགས་པའི་ རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་དང་ཉི་མའི་གདན་ལ་དྷཱི་ཧྲཱི་འོད་དུ་ཞུ་བ་ལས་རྗེ་བཙུན་འཇམ་དབྱངས་དམར་ [026A]༄༅། །པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་དབྱངས་ཅན་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་ མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། ཡབ་ཡུམ་གཉིས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་ པོ༑ ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་རྩ་བའི་བླ་མ། བཀའ་རྒྱུད་ ཀྱི་བླ་མ། ཚོགས་རྒྱུད་ཀྱི་བླ་མ། བཤད་རྒྱུད་ཀྱི་བླ་མ། མན་ངག་རྒྱུད་ཀྱི་བླ་མ། དབང་བསྐུར་བའི་བླ་ [026B] ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དཔའ་མོ། མཁའ་འགྲོ་དང་མཁའ་འགྲོ་ མ༑ ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་གུ་རུ་ཨཱརྱ་མཉྫུ་ཤྲཱི་ས་ པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་པ་དང། ཇི་ལྟར་མགོན་པོ་ཁྱེད་ཀྱིས་ནི། །སོགས་གསོལ་བ་བཏབ་པ་དང། དབང་བསྐུར་ བ་དཔའ་གཅིག་དང་འདྲ་བ་ལས། དབང་བཞི་ཐོབ། ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས། ཡབ་ཡུམ་གཉིས་ ལ་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བླ་མའི་ཚོགས་རྣམས་ [027A]༄༅། །སྤྱན་དྲངས་ཏེ་བླ་མ་ཡབ་ཡུམ་གྱི་སྤྱི་བོར་ཐིམ། ཡང་འོད་ཟེར་གྱིས་ཡི་དམ་སངས་རྒྱས་ བྱང་སེམས། དཔའ་བོ་དཔའ་མོ། མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་སྤྱན་དྲངས་ཏེ་བླ་མ་ཡབ་ཡུམ་གྱི་ སྐུ་སྟོད་ལ་ཐིམ། ཡང་འོད་ཟེར་གྱིས་ཆོས་སྐྱོང་བསྲུང་མའི་ཚོགས་རྣམས་སྤྱན་དྲངས་ཏེ་སྐུ་སྨད་ལ་ཐིམ། ཡང་འོད་ ཟེར་གྱིས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། ཨཱ་ལི་ཀཱ་ལི། བུམ་པ་ དང་ཐོད་པ་བདུད་རྩིས་བཀང་བ། ནོར་བུ་དང་རྒྱལ་མཚན། རལ་གྲི་དང་གྲི་གུག་ལ་སོགས་པ་ཕྱག་མཚན་གྱི་རྣམ་པར་ [027B] ཞེས་བརྗོད། དག་པ་དྲན་པ་ནི། དེ་རྣམས་དང་གཉིས་སུ་མེད་ པའི་བླ་མ་ཡབ་ཡུམ་བྱི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔ། མི་དགེ་བ་བཅུ་སྟོབས་བཅུ། ཁམས་བཅོ་བརྒྱད་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཕུང་པོ་ལྔ་སྐུ་ལྔ། འབྱུང་བ་བཞི་ཡུམ་བཞི། ཕྱག་སོར་བཅུ་ཁྲོ་བོ་བཅུ་ ཞབས་སོར་བཅུ་ཁྲོ་མོ་བཅུ། སྒལ་ཚིགས་པ་རྣམས་སེམས་དཔའ་བཅུ་དྲུག་དང་སེམས་མ་བཅུ་དྲུག་ཡན་ ལག་བཞི་སྒོ་མ་བཞི། ཚིགས་ཆེན་བཅུ་གཉིས་མཆོད་པའི་ལྷ་མོ་བཅུ་གཉིས་མཆོད་རྫས་དུ་མ་ཐོགས་ནས་ [028A]༄༅། །བླ་མ་འཁོར་བཅས་ལ་མཆོད་པ། སྤྱི་བོ་རྣམ་པར་སྣང་མཛད། མགྲིན་པ་ འོད་དཔའ་མེད། ཐུགས་ཀ་མི་བསྐྱོད་པ། མིག་སའི་སྙིང་པོ། རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་ མཁའ་སྙིང་པོ། ལྕེ་འཇིག་རྟེན་དབང་ཕྱུག་ལུས་སྒྲིབ་པ་རྣམ་སེལ། ཡིད་ཀུན་ཏུ་བཟང་པོ། ཨ་ ལི་ལུགས་འབྱུང་ལུགས་ལྡོག་སུམ་ཅུ་རྩ་གཉིས་མཚན་སོ་གཉིས། ཀ་ལི་ལུགས་འབྱུང་ལུགས་ལྡོག་བརྒྱད་ ཅུ་དཔེ་བྱེད་བརྒྱད་ཅུའི་རང་བཞིན་དུ་གྱུར། ཞེས་བརྗོད་ཅིང་དོན་ཡིད་ལ་བསམ་མོ། དེ་ནས་མཆོད་པ་ཅི་འབྱོར་བ་དངོས་ [028B] ཡིད་ཀྱིས་སྤྲུལ་ཏེ་བྱིན་གྱིས་བརླབ་པ་ནི། བསང་སྦྱངས། སྟོང་པའི་ངང་ལས་ཨཱ་ལས་བྱུང་བའི་ཐོད་ པའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས་རང་བཞིན་སྟོང་པ། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་ གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ཨོཾ་ཨརྒྷཾ་ཨཱ་ཧཱུཾ། དེ་བཞིན་དུ་ཨརྒྷཾ་གྱི་ཚབ་ཏུ་ པདྱཾ་ནས། ཤཔྟཱི་བར་དང། རཱུ་པ་ནས། སྤརཤཱི་བར་སྦྱར་བས་བརྗོད། ཨོཾ་གུ་རུ་ཨཱརྱ་མཉྫུ་ཤྲཱི་སརྦ་བུདྡྷ་བོ་དཧི་སཏ་ ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱ། སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་དང་བཅས་པས་མཆོད། ནང་མཆོད་རང་རང་གི་ [029A]༄༅། །ཡི་དམ་གྱི་ཆོ་ག་ལྟར་བསང་སྦྱངས། ཡཾ་ལས་རླུང་རཾ་ལས་མེ། ཨཱ་ལས་མི་མགོའི་སྒྱེད་ པུ་གསུམ་གྱི་སྟེང་དུ་ཨཱ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡི་གེ་གསུམ་དང་ བཅས་པར་གྱུར། རང་གི་ཐུགས་ཀ་ནས་འོད་འཕྲོས་པས་རླུང་གཡོས་མེ་སྦར། ཐོད་པའི་ནང་གི་རྫས་ རྣམས་ཞུ། ཡི་གེ་གསུམ་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ཏེ། ཐོད་པའི་ནང་དུ་ལྷུང་བས་ རོ་མཉམ་དུ་གྱུར་ཏེ། དྲི་མ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ་ཧཱུཾ། ལན་ [029B] ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ ལས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་དཔལ་ལྡན་བླ་མ་དམ་པའི་ཞལ་དུ་ཨོཾ་ཨཱ་ཧཱུཾ། རྒྱལ་བ་ཁྱབ་བདག་རྡོ་རྗེ་ འཆང་ཆེན་པོའི་ ྾ རྗེ་བཙུན་འཇམ་པའི་དབྱངས་ཀྱི་ ྾ རྒྱལ་སྲས་དཔའ་བོ་རྡོ་རྗེའི་ ྾ ཐམས་ཅད་མཁྱེན་ པ་ཙོང་ཁ་པ་ཆེན་པོའི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨོཾ་གུ་རུ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨོཾ་ཨཱ་ཧཱུཾ། ཕྱོགས་ སྐྱོང་དང་ཞིང་སྐྱོང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཞེས་པས་ནང་མཆོད་འབུལ། འདུད་ཉི་ཤུས་ [030A]༄༅། །བསྟོང་ཅིང། གཞན་ཡང་བསྟོད་པ་རྒྱས་བསྡུས་གང་རུང་དང། མཎྜལ་རྒྱས་བསྡུས་གང་འགྲུབ་ཕུལ་ཏེ། དེང་ ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང། །དུས་གསུམ་དགེ་བའི་དངོས་པོ་ རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་ པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བས་ཉེར་དགོངས་ནས། །བདག་གི་ འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའི་ཚིག་ལྟར་དངོས་པོ་ཐམས་ཅད་ལྟོས་མེད་དུ་ [030B] འདུན་པ་ཤུགས་དྲག་པོས་ཐལ་མོ་སྦྱར་ཏེ། བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཀུན་འདུས། དཔའ་བོ་དང་དཔའ་མོ་ཀུན་འདུས། མཁའ་འགྲོ་དང་ཆོས་སྐྱོང་ཀུན་འདུས་ ཀྱི་ངོ་བོ། བདེ་ལེགས་ཐམས་ཅད་ཀྱི་རྩ་བ། ལེགས་ཚོགས་ཀུན་འདུས་ཀྱི་ངོ་བོ། ས་དང་ལམ་གྱི་བདག་ཉིད་ འབྲས་བུ་སྐུ་བཞིའི་བདག་ཉིད། བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་བདག་ཉིད། ཟབ་མོའི་དོན་རྟོགས། ཐར་ པ་ཆེན་པོའི་གྲོང་ཁྱེར། མཐོ་རིས་ཀྱི་ཐེམ་སྐས། ཐབས་དང་ཤེས་རབ་ཀྱི་བདག་ཉིད། སྲིད་ཞིའི་རྒུད་པ་ཀུན་ [031A]༄༅། །སེལ༑ ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་སོ། །ཞེས་ གསོལ་བ་མང་དུ་བཏབ་ལ། བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་བདག་གི་ཐེག་པ་ཆེན་པོའི་ དགེ་བའི་བཤེས་གཉེན་མངོན་སུམ་དུ་མཛད་ནས། ཚེ་རབས་ཐམས་ཅད་དུ་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་མ་ ལུས་པ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འཛིན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་སྨོན་ ལམ་གང་འགྲུབ་བཏབ་པའི་མཐར། གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང། །མགོན་པོ་ [031B] །བགེགས་མེད་པར་ཡང་མཐོང་བར་ཤོག་ཅེས་བརྗོད། ཐོག་མར་དེ་ལྟར་བསྒོམ། དེ་ནས་བཟུང་ སྟེ་བླ་མ་ཡབ་ཡུམ་གཞལ་ཡང་ཁང་དང་བཅས་པ་གཤེགས་གསོལ་མི་བྱེད་པར་དུས་དང་རྣམ་པ་ཐམས་ཅད་དུ་ཡང་ཡང་གསལ་བཏབ་གྱིན། སྐད་ཅིག་ ཀྱང་འབྲལ་མེད་དུ་སྙིང་ནང་དུ་བཞུགས་པར་བསྒོམ་པ་གལ་ཆེའོ། །དེ་ཕྱིན་ཆད་ཐུན་ཕྱི་མའི་བླ་མའི་རྣལ་འབྱོར་བསྒོམ་ཚུལ་ནི། མདུན་གྱི་ནམ་ མཁར་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་ཞེས་སོགས་མདུན་དུ་བསྒོམ་པ་ མ་གཏོགས་གཞན་མཇུག་རྫོགས་པའི་བར་སྔར་བཞིན་བྱས་པའི་མཐར། རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་བླ་མ་ཡབ་ [032A]༄༅། །ཡུམ་གཞལ་ཡས་ཁང་དང་བཅས་པ་སྤྱན་དྲངས་ཏེ་རང་གི་སྙིང་ནང་གི་བླ་མ་ཡབ་ཡུམ་ གཞལ་ཡས་ཁང་དང་བཅས་པ་ལ་ཐིམ་པས་མཐུ་སྟོབས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་བར་བསམ། དེ་ཡང་རྣམ་པ་ རྗེ་བཙུན་ཡབ་ཡུམ་དུ་བསྒོམ་ཡང་ངོ་བོ་རྩ་བའི་བླ་མ་རང་དུ་བསྒོམ་ནས་ཐུན་བྮིའམ་མ་མཐའ་ཉིན་ཞག་རེ་ལ་ལན་རེ་མ་ཆག་པར་བསྒོམ་ཞིང་གསོལ་བ་འདེབས་ པ་ཡིན་ཏེ། དེ་ལྟར་བྱས་པའི་ཕན་ཡོན་ནི་ཤིན་ཏུ་གནད་ཆེ་བ་མང་དུ་ཡོད་དོ། །དེ་དང་སྤྲེལ་བའི་ཏིང་ངེ་འཛིན་གྱི་དབང་བཞི་ལེན་པའི་གདམས་པ་ཁྱད་པར་ ཅན་ནི། འོག་གི་བདག་བསྐྱེད་སྔོན་དུ་སོང་ནས། མདུན་བསྐྱེད་བླ་མ་ཡབ་ཡུམ་སྔར་ལྟར་བསྐྱེད་དེ་མཆོད་བསྟོད་གསོལ་བཏབ་རྫོགས་པའི་མཚམས་དེར་ [032B] ལ༑ ཨོཾ་ཨ་ར་པ་ཙ་ན་དྷཱི་ཧྲཱི་ཞེས་བསྙེན་པ་གང་གྲུབ་བྱས་པའི་མཐར་མཆོད་བསྟོད་བྱ། མཎྜལ་ཕུལ། བླ་མའི་རྗེས་ཟློས་བྱེད་པར་བསྒོམ་ སྟེ༑ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་ཐུན་མོང་གི་བསྡོམ་པ་བཟུང། དེ་བཞིན་དུ་ སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །སོགས་ཀྱིས་རིགས་ལྔའི་སྡོམ་པ་བཟུང། དབང་ལེན་པ་ལ་བུམ་དབང་གི་དངོས་གཞི་ རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང། །ཡོན་ [033A]༄༅། །ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་བདག་ལའང་སྩལ་དུ་གསོལ། །ཞེས་གསོལ་བ་ ལན་གསུམ་བཏབ་པས། བླ་མ་ཡབ་ཡུམ་རང་གི་སྤྱི་བོར་བྱོན། སྙོམས་པར་བཞུགས་པའི་དགའ་བའི་སྒྲས་སངས་རྒྱས་ བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་ནས་ཞུགས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་སྦྱོར་ མཚམས་ནས་བྱང་སེམས་ཀྱི་བདུད་རྩིའི་རྒྱུད་བྱུང་བ་རང་གི་སྤྱི་གཙུག་ནས་ཞུགས། བདེ་བ་ཆེན་པོས་ལུས་ཐམས་ཅད་ གང་བར་བསམ། རང་ཉིད་ཀྱིས་རྡོ་དྲིལ་དང་བཅས་པས་རིག་མ་ལ་འཁྱུད་པའི་བདེ་བ་དང་སྟོང་པ་ཉིད་སྦྱར་བ་དེ་ [033B] །སྙམ་དུ་བསམ། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྲོག་བཅོད་ སོགས་གསུམ་དག་ལུས་ཐ་མལ་དུ་འཛིན་པའི་དྲི་མ་འཁྲུད་པས་སྐུ་རྡོ་རྗེ་སྦྱང། ལམ་བསྐྱེད་རིམ་ཡན་ལག་དང་བཅས་ པ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ་ཅེས་བརྗོད་གྱིན་དོན་ ཡིད་ལ་བྱའོ། །གསང་དབང་གི་དོན་དུ་མཎྜལ་གསོལ་བཏབ་སྔར་བཞིན་ལ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་ སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས། ཡབ་ཀྱི་སྤྱི་བོ་ནས་ཞུགས། སྐུའི་དབྱིབས་བརྒྱུད་ [034A]༄༅། །ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་དཀར་དམར་མྱོང་བས་ཆུ་རྒྱུན་དེ་ མགྲིན་པའི་གནས་རྣམས་ལ་ཐིམ། ལྕེ་སྟེང་དུ་མྱངས་པ་ལས་སྐྱེས་པའི་བདེ་བས་སྟོང་པ་ཡུལ་དུ་བྱས་པའི་བདེ་ སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་གསང་དབང་གི་ངོ་བོར་གྱུར་པར་བསམ། དེས་གསང་དབང་ཐོབ། ངག་གི་དྲི་ མ་རྫུན་དུ་སྨྲ་བ་སོགས་བཞི་དག་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་པས་གསུང་རྡོ་རྗེ་སྦྱོང་ ལམ་ཀུན་རྫོབ་སྒྱུ་མའི་སྐུ་བདག་བྱིན་རླབས་བསྒོམས་པ་ལ་དབང། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་ [034B]ཞེས་དོན་བསམ་ལ་བརྗོད། །ཤེར་དབང་གི་དོན་དུ་སྔར་ལྟར་ལ། རང་འཇམ་དབྱངས་ དཔའ་བོ་གཅིག་པར་བསམ་ལ། བླ་མས་དབྱངས་ཅན་མ་རིག་མ་ལོ་བཅུ་དྲུག་ལོན་པ་ཞིག་བྱིན་པར་བསམ་པའམ། ཡང་ ན༑ རང་གི་རིག་མ་དེ་ཉིད་གསལ་བཏབ་ལ། རང་གི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མའི་ནོར་ བུ་ལ་ཨོཾ་ཡིག་གིས་མཚན་པ། ཡུམ་གྱི་གསང་གནས་ཨཱ་ལས་པདྨ་དམར་པོ་འདབ་མ་ལྔ་པ་ཟེའུ་འབྲུ་ལ་ ཨཱ་ས་མཚན་པར་བསམ། ཡབ་ཡུམ་སྙོམས་པར་ཞུགས་པས་ལུས་ཐམས་ཅད་ཐིག་ལེས་གང། ཐིག་ལེ་ [035A]༄༅། །ཐམས་ཅད་བདེ་བའི་རང་བཞིན་སྟོང་པ་ཡུལ་དུ་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ལྷན་ སྐྱེས་ཀྱི་དགའ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཐོབ་པར་བསམ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ ཡིད་ཀྱི་དྲི་མ་བརྣབ་སེམས་ལ་སོགས་པ་དག་གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་འཁྲུད་པས་ཐུགས་རྡོ་རྗེ་སྦྱོང། ལམ་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང། འབྲས་བུ་ཆོས་ཀྱི་སྐུ་ མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་བཞག་ཅེས་བརྗོད་ལ་དོན་བསམ་མོ། །དབང་བཞི་པའི་དོན་དུ་མཎྜལ་ཕུལ་ཏེ། ཁྱོད་ [035B] བླ་མས་འདི་ལྟར་གསུངས་པར་བསམ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་སུ་རང་ དང་རིག་མ་གཉིས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་ངང་ནས་སྙོམས་པར་ཞུགས་པའི་དུས་ན་ལྷན་ཅིག་སྐྱེས་པའི་བདེ་ བས་རང་བཞིན་སྟོང་པ་ཉིད་ཡུལ་དུ་བྱས་ནས་མཉམ་སྦྱོར་དུ་ཡོད་པ་དེ་བཞིན་དུ། བདེ་བས་སྟོང་པ་ཡུལ་དུ་བྱས་ ནས་བསྒོམ་པའི་རྒྱུན་གོམས་པར་བྱས་པ་ལས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པ་ཡེ་ཤེས་ ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང་ [036A]༄༅། །རང་བཞིན་སྟོང་པ་གཉིས་རོ་གཅིག་ཏུ་ཞུགས་པའི་ཐམས་ཅད་སྟོང་པ་འོད་གསལ་དང་ངོ་བོ་ དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་ཐོབ་པ་དབང་བཞི་པའི་ངོ་བོ་ཡིན་ནོ། །དེས་ དབང་བཞི་པ་ཚིག་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་ཁྱད་པར་ ཅན་བཞག་ལམ་བདེན་པ་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་བསྒོམ་པ་ལ་དབང། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་བྱའོ། །ཞེས་དབང་གི་དག་པ་བྱིན་པར་བསམ་ལ་བརྗོད་ [036B] ཇི་ལྟར་མགོན་པོ་ཁྱོད་ཀྱིས་ནི། །སོགས་གསོལ་བ་བཏབ་པས། བླ་མས་ ཇི་ལྟར་མགོན་པོ་འཇམ་དབྱངས་ལ། །སོགས་གསུངས་ཏེ། བླ་མ་ཡབ་ཡུམ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ ཚུལ་དུ་བླ་མ་ཡབ་ཡུམ་གཉིས་པ་བྱོན་ཏེ། རང་གི་སྤྱི་གཙུག་ནས་ཞུགས་པས་བླ་མ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར། བཀའ་དྲིན་གྱི་ཡོན་དུ་མཎྜལ་ཕུལ་ཏེ། མཆོད་བསྟོད་གང་འགྲུབ་དང་ བཟོད་གསོལ་བྱ། བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སོགས་སྨོན་ལམ་གང་གྲུབ་དང། རང་གི་ཐུགས་ཀའི་འོད་ཟེར་ [037A]༄༅། །གྱིས་སྤྱི་བོའི་བླ་མ་ཡབ་ཡུམ་སོགས་སྙིང་ནང་གི་བླ་མ་ལ་ཐིམ་པ་སྔར་ལྟར་རོ། །དབང་ལེན་པའི་བླ་ མ་རྣལ་འབྱོར་གྱི་བདག་བསྐྱེད་ལ་སྔོན་འགྲོ་བླ་མ་རྣལ་འབྱོར་མི་དགོས། འདིའི་བདག་བསྐྱེད་ནི་རྗེ་རིན་པོ་ཆེས། བདག་བསྐྱེད་གཙོ་བོར་གསང་སྒྲུབ་ལ་ མཛད༑ རྡོ་རྗེ་འཇིགས་བྱེད་ལའང་མང་དུ་མཛད། དེས་ན་གསང་འདུས་དང་བདེ་མཆོག་ལ་བྱས་ཀྱང་ཆོག་བདག་གིས་ནི་ནང་སྒྲུབ་ལ་གཙོ་བོར་ བྱས༑ ནང་སྒྲུབ་ནི་གཙོ་ཆེར་དགོངས་ལ། གསང་སྒྲུབ་ནི་བླ་མེད་ཀྱི་ཐུན་མོང་མིན་པ་འཇིགས་བྱེད་ལ་དགོངས་པས་བདག་བསྐྱེད་ནང་སྒྲུབ་དང་ མདུན་བསྐྱེད་གསང་སྒྲུབ་ལ་བྱས་ན་ལེགས་སོ། །ཞེས་མཁས་གྲུབ་རྗེས་གསུངས་ཀྱང། འདི་གཙོ་ཆེ་གསང་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་ [037B] །དངོས་གཞི་ནི། སྭ་བྷཱ་ཝ་ས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་རྩམ་ཡང་མེད་པའི་སྟོང་པ་ཉིད་ དང༑ རང་སེམས་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་དབྱེར་མེད་པའི་ཡེ་ཤེས་ཆོས་སྐུ་ལ་མཉམ་པར་བཞག་དེ་ནས་སྔོན་གྱི་སྨོན་ལམ་དང་འཕེན་ པའི་དབང་གིས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་དྷཱི་ཧྲཱི་དམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་དབྱངས་ རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་དབྱངས་ཅན་མ་གྲི་གུག་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ་ [038A]༄༅། །གཉིས་ཀའང་སྐུ་མདོག་དམར་སེར། ཡབ་རྡོ་རྗེའི་སྐྱིལ་ཀྲུང། ཡུམ་པདྨའི་སྐྱིལ་ཀྲུང་ གིས་བཞུགས་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱ་ཐུགས་ ཀར་ཧཱུཾ། ཧཱུཾ་ལས་འོད་འཕྲོས། རྗེ་བཙུན་འཇམ་དབྱངས་ཡབ་ཡུམ་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་ བ་སྤྱན་དྲངས། མཆོད་ཅིང་གསོལ་བ་གདབ་ལ། དབང་བསྐུར་བ་དཔའ་གཅིག་དང་འདྲ་བ་ལས། དབང་བཞི་ཐོབ། ཆུ་ལྷག་ མ་ཡར་ལུད་པ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན། དབང་གི་ལྷ་རྣམས་ཡེ་ཤེས་པའི་ཚུལ་དུ་རང་ལ་ཐིམ་པར་ [038B] སྔར་གྱི་བདེ་སྟོང་དབྱེར་མེད་ཀྱི་བཟུང་རྣམ་ལྷར་སྣང་བའི་གསལ་སྣང་དང་ང་རྒྱལ་ལ་བསླབ། རང་རྗེ་བཙུན་ཡབ་ཡུམ་དུ་གསལ་ བའི་ཐུགས་ཀར་ཉི་གདན་ལ་དྷཱི་དང་ཧྲཱི་སོ་སོར་དམིགས་པའི་མཐའ་སྐོར་དུ་ཨོཾ་ཨ་ར་པ་ཙ་ནས་བསྐོར་བ། ཡབ་ ཀྱི་ཐུགས་ཀའི་དྷཱི་ལས་དྷཱི་འི་ཕྲེང་བ་འོད་ཟེར་འཕྲོ་བ་དང་བཅས་པ་མར་མེའི་ཕྲེང་བ་ལྟར་བྱུང་སྟེ། ཡབ་ཀྱི་ཞལ་ ནས་ཡུམ་གྱི་ཞལ་དུ་ཞུགས། དེ་དང་མཉམ་དུ་ཡུམ་གྱི་ཐུགས་ཀའི་ཧྲཱི་ལས་ཧྲཱི་འི་ཕྲེང་བ་འོད་ཟེར་འཕྲོ་བ་དང་ བཅས་པ་བྱུང་བ་ཡུམ་གྱི་གསང་གནས་ནས་ཡབ་ཀྱི་གསང་གནས་སུ་ཞུགས་ཏེ། ཞལ་ནས་ཞལ་དུ་གསང་གནས་ [039A]༄༅། །ནས་གསང་གནས་ནས་སུ་འགལ་མེའི་འཁོར་ལོ་ལྟར་བསྐོར་བའི་འོད་ཟེར་གྱིས་མི་ཤེས་ པའི་རྨོངས་པ་དང་སྡིག་སྒྲིབ་ཐམས་ཅད་དག་འཁོར་ལོ་ལས་འོད་ཟེར་ཕྱིར་དཔག་ཏུ་མེད་པ་འཕྲོས་པའི་ལ་ལའི་སྣེ་ལ་ རྗེ་བཙུན་ཡབ་ཡུམ་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་བཞུགས་པའི་སྦྱོར་མཚམས་ནས་བདུད་རྩི་བབས་ནས་རྗེ་བཙུན་ གྱི་གོ་འཕང་ལ་བཀོད། འོད་ཟེར་ལ་ལའི་སྣེ་ལ་མཆོད་པའི་ལྷ་མོ་མཆོད་རྫས་ཐོགས་ཏེ། རྒྱལ་བ་སྲས་བཅས་ ལ་མཆོད་པ་ཕུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང། ཕྱི་ནང་གི་གྲུབ་ཐོབ་པཎྜི་ཏ་སོགས་ཀྱི་ཐོས་ [039B] འཆད་རྩོད་རྩོམ་འཛིན་གྱི་ཤེས་རབ་ཐམས་ཅད་བདུད་རྩི་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་རང་ལ་ ཐིམ་པས་ཤེས་རབ་ཀྱི་སྣང་བ་རྒྱས་པར་གྱུར། དྷཱི་ཧྲཱི་ཞེས་ཅི་ནུས་བཟླ། རྗེ་བཙུན་གྱིས། གསང་སྒྲུབ་འཁོར་ལོ་མངལ་ན་འཁོར། ། དྷཱི་ཧྲཱི་མིན་པའི་སྔགས་མེད་དོ། །ཞེས་གསུངས། འོན་ཀྱང་འཇམ་དབྱངས་ཆོས་སྐོར་ནང་གི་སྒྲུབ་ཐབས་རྣམས་ཀྱི་ལུས་དཀྱིལ་ལ་འབྲུ་བདུན་ དང༑ ནང་སྒྲུབ་ལ་འབྲུ་བརྒྱད་ཀྱི་བསྙེན་པ་བྱ་བར་གསལ་པོར་གསུངས་ཤིང། དཔའ་གཅིག་དང་གསང་སྒྲུབ་གཉིས་ལ་གསལ་པོར་ མ་གསུངས་པ་ནི། དཔའ་གཅིག་ལ་འབྲུ་བདུན་དང། གསང་སྒྲུབ་ལ་འབྲུ་བརྒྱད་ཀྱི་བསྙེན་པ་བྱས་ཀྱང་ཆོག་པར་སྣང་ངོ། །ཐུན་འཇོག་ [040A]༄༅། །དུས་སུ་དྷཱི་ཡབ་ཀྱི་ས་བོན་དང། ཧྲཱི་ཡུམ་གྱི་ས་བོན་ལ་ཐིམ་པར་བསམ་མོ། །ནང་མཆོད་དང་གཏོར་མ་ འབུལ་ན་བསང་སྦྱངས། སྟོང་པའི་ངང་ལས་ཨཱ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱ་ཧཱུཾ་ཞུ་བ་ ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་ཨཱ་ཧཱུཾ། ལན་གསུམ། མདུན་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ནས་ ཡེ་ཤེས་པའི་ཚུལ་དུ་དེ་ཉིད་ལ་ཐིམ། ཞེས་པའི་བར་ཆོ་ག་གསུམ་གྱིས་བསྐྱེད་པ་དང། གནས་གསུམ་བྱིན་གྱིས་བརླབ་པ། དབང་ བསྐུར་རྒྱས་གདབ་པ། དབང་ལྷ་ཐིམ་པ་རྣམས་མདུན་བསྐྱེད་ཀྱི་ཁྱད་པར་དཔའ་གཅིག་ལྟར་སྦྱར་ནས་མངོན་རྟོགས་ལྟར་བྱ་བའི་མཐར། རྗེ་ [040B] གསོལ་བར་གྱུར། ཨོཾ་ཨཱརྱ་མཉྫུ་ཤྲཱི་སརྦ་བུདྡྷ་བོ་དཧི་སཏ་ཨོཾ་ཨཱ་ཧཱུཾ། གིས་ནང་མཆོད་དང། གཏོར་མ་ལ་ཡི་གེ་གསུམ་གྱི་ཚབ་ ཏུ༑ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏག་པ་གསུམ་གྱིས་ཕུལ་ལ། ཨརྒྷཾ་ལ་སོགས་པས་མཆོད། ངེས་དོན་ འཇམ་དབྱངས་རྒྱལ་ཀུན་ཐུགས་རྒྱུད་ཀྱི། །བདེ་སྟོང་དབྱེར་མེད་ཡེ་ཤེས་མདོ་སྔགས་ལམ། །བསྟན་ཕྱིར་མཚན་ དཔེས་བརྒྱན་པའི་སྐུར་ཤར་བའི། །བརྟན་པའི་འཁོར་ལོ་ཡབ་ཡུམ་སྐུ་ལ་འདུད། །འགྲོ་ཀུན་བརྩེ་བས་བཟུང་ [041A]༄༅། །ནས་སྨིན་གྲོལ་ལ། །དགོང་ཕྱིར་ཕྱི་དང་གསང་བ་ཐེག་གསུམ་ཆོས། །གསུང་དབྱངས་ དྲུག་ཅུས་རྒྱུན་དུ་སྒྲོགས་མཛད་པའི། །ངག་གི་དབང་པོ་ཡབ་ཡུམ་གསུང་ལ་འདུད། །འཁོར་འདས་ཆོས་ཉིད་སྐད་ ཅིག་གིས་མཁྱེན་ནས། །ཉོན་མོངས་ཀྱིས་བཅིང་འགྲོ་ཀུན་མྱུར་བ་ཉིད། །དགྲོལ་བའི་ཐུགས་རྗེས་དམ་དུ་བཅིངས་ པ་ཡི། །ཡབ་གཅིག་འཇམ་དཔལ་ཡབ་ཡུམ་ཐུགས་ལ་འདུད། །རྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། ། སོགས་དང། ཁྱད་པར་ངེས་འབྱུང་བྱང་སེམས་ཡང་དག་ལྟ། །རིམ་གཉིས་ལམ་བཟང་སྤྱོད་པ་གསུམ་དང་ [041B] ༑བདེ་བླག་སྐྱེ་ཞིང་བགེགས་མེད་མཐར་ཕྱིན་པའི། །བྱིན་རླབས་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། ། ཡིག་བརྒྱ་ལན་གསུམ། བཟོད་གསོལ། བཀྲ་ཤིས་སྨོན་ལམ་བརྗོད། གཏོར་མགྲོན་གྱི་ལྷ་རྣམས་རང་ལ་ཐིམ་པར་ གྱུར༑ འདིའི་རྗེས་གནང་བྱེད་ན་པདྨ་དཀར་པོ་འདབ་མ་དྲུག་པའི་དབུས་སུ་དྷཱི་ཧྲཱི་ཞལ་སྦྱོར་བྲི། མཐའ་ཕྱི་ནང་གི་མཆོད་གཏོར་ རྣམས་ཀྱིས་བསྐོར། བདག་བསྐྱེད་སོང་ནས། མཎྜལ་བསང་སྦྱངས། མདུན་བསྐྱེད་བཟླས་སྒོམ་ཚར་བ་དང། སློབ་མས་ མཎྜལ་ཕུལ་ལ། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་སོགས་ལན་གསུམ་ [042A]༄༅། །གྱིས་བྱང་སྡོམ་དང། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །སོགས་ལན་གསུམ་གྱིས་ རིགས་ལྔའི་སྡོམ་པ་བླང། སློབ་མ་རྗེ་བཙུན་ཡབ་ཡུམ་དུ་བསྐྱེད། གནས་གསུམ་བྱིན་གྱིས་རླབས་ལ། ཡེ་ཤེས་པ་ཐིམ་པ་དཔའ་ གཅིག་དང་འདྲ། ཏིང་ངེ་འཛིན་གྱི་དབང་ཞུ་བའི་དོན་དུ་གསོལ་བ་གདབ་པ་ནི། དུས་གསུམ་སངས་རྒྱས་ ཐམས་ཅད་དང། །སྐུ་གསུམ་ཡེ་ཤེས་དབྱེར་མེད་པ། །འགྲོ་བའི་འདྲེན་མཆོག་འཇམ་པའི་དབྱངས། ། དབང་བསྐུར་དམ་པ་སྩལ་དུ་གསོལ། །ལན་གསུམ། མདུན་བསྐྱེད་ཀྱི་བླ་མ་རྗེ་བཙུན་ཡབ་ཡུམ་ཁྱེད་ [042B] སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ཁམས་དཀར་དམར་བྱང་སེམས་ཀྱི་རྒྱུན་ བྱུང་བས་ཁྱེད་རང་གི་སྤྱི་བོ་ནས་ཞུགས། སྨིན་མཚམས་དང་མགྲིན་པ་ཡན་ཆད་གང། བུམ་པའི་དབང་ཐོབ་ ལུས་ཀྱི་སྒྲིབ་པ་དག་འབྲས་བུ་སྤྲུལ་སྐུ་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་པར་བསམ། སླར་ཡང་བྱང་སེམས་ ཀྱི་རྒྱུན་བབས་པས་མགྲིན་པ་དང་སྙིང་ག་ཡན་ཆད་གང། གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག་འབྲས་ བུ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་པར་བསམ། སླར་ཡང་བྱང་སེམས་ཀྱི་རྒྱུན་བབས་པས་ [043A]༄༅། །སྙིང་ག་དང་ལྟེ་བ་ཡན་ཆད་གང། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་ སྒྲིབ་པ་དག་འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་པར་བསམ། སླར་ཡང་བྱང་སེམས་ཀྱི་རྒྱུན་ བབས་པས་རྐང་མཐིལ་ཡན་ཆད་ལུས་ཐམས་ཅད་གང། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ ཤིན་ཏུ་ཕྲ་བ་རྣམས་དག་འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་པར་བསམ་མོ། །བཟླས་ ལུང་ལ། ཁྱེད་རང་གི་སྤྱི་བོའི་བླ་མ་རྗེ་བཙུན་ཡབ་ཡུམ་གྱི་ཐུགས་ཀའི་དྷཱི་ཧྲཱི་ལས་དྷཱི་ཧྲཱི་འི་ཕྲེང་བ་ཞལ་ནས་བརྒྱུད་ [043B] ཁྱེད་རང་གི་ཞལ་དུ་ཞུགས། །ཐུགས་ཀའི་དྷཱི་ཧྲཱི་ལ་ཐིམ་པས་འོད་ཟེར་ཆེར་འཕྲོས། ལུས་ཐམས་ཅད་ གང་བས་མི་ཤེས་པའི་རྨོངས་པ་སྦྱངས། བློ་གྲོས་ཀྱི་སྣང་བ་རྒྱས་པར་མོས་ལ། དྷཱི་ཧྲཱི་རྗེས་ཟློས་བརྒྱ་རྩ་བརྒྱད། སྐུ་ དངོས་ཀྱི་བྱིན་རླབས་ཞུ་བའི་དོན་དུ་འདིའི་རྗེས་ཟློས་མཛོད། ཇི་ལྟར་མགོན་པོ་ཁྱོད་ཀྱིས་ནི། །སྐུ་གསུང་ཐུགས་ཀྱི་ཡོན་ ཏན་རྣམས། །གཞན་ཕྱིར་མངོན་དུ་མཛད་པ་བཞིན། མགོན་པོ་བདག་ལ་སྩལ་དུ་གསོལ། །ལན་གསུམ། དེ་ ལྟར་གསོལ་བ་བཏབ་པས་ཁྱེད་རང་གི་སྤྱི་བོར་བཞུགས་པའི་བླ་མ་ཡི་དམ་ཁྱེད་རང་ལ་ཐིམ་པས་ཡི་དམ་གྱི་སྐུ་གསུང་ཐུགས་ [044A]༄༅། །དང་ཁྱེད་རང་གི་ལུས་ངག་ཡིད་དབྱེར་མེད་དུ་གྱུར་པར་བསམ། རྗེ་བཙུན་གྱི་སྐུའམ་མེ་ཏོག་སློབ་ མའི་མགོ་ལ་བཞག། ཇི་ལྟར་མགོན་པོ་འཇམ་དབྱངས་ལ། །ཡོན་ཏན་དཔག་མེད་མངའ་ཇི་བཞིན། །འཇམ་ པའི་དབྱངས་ཀྱི་ཐུགས་རྗེ་ཡིས། །སྐལ་ལྡན་འདི་ལ་འཇུག་པར་ཤོག་ཅེས་ལན་གསུམ་བརྗོད། སློབ་མས་མཎྜལ་ཕུལ། ཚོགས་ བྱིན་གྱིས་རླབས་ལ་ལོངས་སྤྱོད། ལྷག་མ་བསྔོ་ལ། རྡོ་རྗེའི་གླུ་དང། བཀྲ་ཤིས་སྨོན་ལམ་བརྗོད། དཀྱིལ་འཁོར་བསྡུའོ།། །།བཞི་པ་འཇམ་དཔལ་ ནང་སྒྲུབ་ལ། སྔོན་འགྲོ་བླ་མའི་རྣལ་འབྱོར་གོང་ལྟར་རམ། ཡང་ན་འདིའི་བགེགས་སེལ་གྱི་མན་ངག་ནས་བྱུང་བ་ནི། མདུན་གྱི་ནམ་མཁའ་ [044B] རྒྱན་དུ་ མས་བརྒྱན་པའི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏིགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཉིའི་གདན་ལ་དྷཱི་ཧྲཱི་འོད་དུ་ཞུ་བ་ ལས༑ ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྗེ་བཙུན་འཇམ་དབྱངས་རལ་གྲི་དང་གླེགས་བམ་འཛིན་པས་དབྱངས་ ཅན་མ་རལ་གྲི་དང་གླེགས་བམ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དམར་སེར་རྡོ་རྗེ་དང་པདྨའི་སྐྱིལ་ ཀྲུང་གིས་བཞུགས་པ། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་ཀྱི་དཔྲལ་བར་ཨོཾ་ [045A]༄༅། །དཀར་པོ། སོགས་གནས་གསུམ་བྱིན་རླབས། དབང་ལྷ་སྤྱན་དྲངས་ཏེ་མཆོད་པ། དབང་བསྐུར་ཅིང་བསྟིམ་པ་ དང༑ དག་པ་དྲན་པ་དཔེ་བྱད་བརྒྱད་ཅུའི་རང་བཞིན་དུ་གྱུར། ཞེས་པའི་བར་བླ་མའི་རྣལ་འབྱོར་གོང་ལྟར་ལ། གཞན་ཡང་བླ་མ་ཡི་དམ་ རྒྱལ་བ་སྲས་བཅས། ཁྲོ་བོ་དང་ཁྲོ་མོ་ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཐིབས་པ་ལྟར་བྱོན་ནས་ བླ་མ་ཡབ་ཡུམ་གྱི་མཐའ་སྐོར་དུ་བཞུགས་པར་གྱུར། པདྨ་ཀ་མ་ལ་ཡེ་སྟཱཾ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་ སོགས་དང། འདུད་ཉི་ཤུས་བསྟོད། གང་གི་ཡེ་ཤེས་སྒྱུ་འཕྲུལ་ལས། །མ་ལུས་འགྲོ་བ་སྐྱབས་པའི་ཕྱིར། །སྲས་བཅས་ [045B] །ཀུན་ལ་དང་བས་ཕྱག་འཚལ་ལོ། །བླ་མའི་རྣལ་འབྱོར་གོང་ལྟར་མཆོད་པ་བྱིན་གྱིས་རླབས་ཅིང། ཕྱི་ནང་གི་ མཆོད་པ་འབུལ། དུས་གསུམ་དུ་བསགས་དགེ་བ་དང། །ལུས་དང་ལོངས་སྤྱོད་ལྟོས་མེད་དབུལ། །བླ་མ་ཐ་མལ་ དུ་མཐོང་སོགས། །སྡིག་ལྟུང་དང་བཅས་མཐོལ་ལོ་བཤགས། །ཁྱེད་ཀྱི་གསང་བ་གསུམ་པོ་ཡི། །ངོ་མཚར་ སྤྱོད་ལ་རྗེས་ཡི་རང། །མདོ་སྔགས་ཟུང་དུ་འབྲེལ་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འགྲོ་ཀུན་བསོད་ ནམས་ཞིང་མཆོག་ཏུ། །མྱ་ངན་མི་འདར་བཞུགས་གསོལ་འདེབས། །བདག་གཞན་དུས་གསུམ་དུ་བསགས་ [046A]༄༅། །པའི༑ ༑དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ། །གཙོ་བོའི་ཐུགས་ཀ་ནས་ལྷ་མོ་རལ་གྲི་དང་ ཐོད་པ་འཛིན་པ་ཅིག་བྱོན་པ་དང་མཉམ་དུ་རང་གི་སེམས་དང་དབྱེར་མེད་ཀྱི་ལྷ་མོ་ཅིག་རང་གི་སྤྱི་གཙུག་ཏུ་ཡར་བྱོན་ པ་དང་གཉིས་པོ་དབྱེར་མེད་དུ་གྱུར་པ་དེས་རང་གི་ཐོད་པ་རལ་གྲིས་བཅད་ནས། གཞལ་ཡས་ཁང་གི་མདུན་དུ་ རླུང་མི་མགོའི་སྒྱིད་བུ་གསུམ་གྱི་སྟེང་དུ་བཞག་ནས། དེའི་ནང་དུ་རང་གི་ལུས་ཐམས་ཅད་རལ་གྲིས་གཏུབ་ ནས་བཅུག་པ་དང་མཉམ་དུ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། མེ་སྦར་ [046B] ཤ་རུས་ཐམས་ཅད་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་སངས་གྱུར། ཨོཾ་ཨཱ་ཧཱུཾ། ལན་གསུམ། རང་ གི་སེམས་ལྷ་མོར་གྱུར་པ་དེས་དཔག་ཏུ་མེད་པ་འཕྲོས་ནས་ཐམས་ཅད་ཀྱི་ཕྱག་གཉིས་ཀྱིས་ཀ་པཱ་ལ་རེ་རེ་བཟུང་བས་ བདུད་རྩི་བཅུས་ནས་གཙོ་བོ་ནས་བཟུང་སྟེ། མགྲོན་ཐམས་ཅད་ལ་དྲངས་པས་མཉེས་ཤིང་ཚིམ་པར་གྱུར། རྩ་ རྒྱུད་བླ་མའི་ཚོགས་ལ་མཆོད་པར་འབུལ། །དྲི་མེད་རྣམ་ཐར་འཁྱོངས་བར་བྱིན་གྱིས་རློབས། །ཡི་དམ་མཁའ་ འགྲོའི་ཚོགས་ལ་གཏོར་མར་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྲྩལ་དུ་གསོལ། །དཀོན་མཆོག་སྲིད་ [047A]༄༅། །ཞུའི་མགྲོན་ལ་མཆོད་པར་འབུལ། །སྲིད་དང་ཞི་བའི་འཇིགས་ལས་བསྒྲལ་དུ་ གསོལ༑ ༑མགོན་པོ་ཡོན་ཏན་མགྲོན་ལ་གཏང་རག་གཏོང། །རྣལ་འབྱོར་འཕྲིན་ལས་ཚུལ་བཞིན་སྒྲུབ་པར་ མཛོད༑ །གདོན་བགེགས་ལན་ཆགས་མགྲོན་ལ་བུ་ལོན་འཇལ། །གནོད་པའི་སེམས་སྤངས་བྱམས་པའི་སེམས་ ལྡན་ཤོག་རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པར་གཏོང། །དྲིན་ལས་འཁོར་ཞིང་སྡུག་བསྔལ་ལས་གྲོལ་ཤོག་ ཨོཾ་གུ་རུ་ཨཱརྱ་མཉྫུ་ཤྲཱི་སརྦ་བུདྡྷ་བོ་དཧི་སཏ་ཨརྒྷཾ་སོགས་ཀྱིས་མཆོད། རང་གི་བླ་མའི་མཚན་བསྟོད་ཡོད་ན་འདིར་འདོན། དག་ [047B] །ངོ་བོ་གཅིག་ཏུ་གྱུར་པའི་བྱིན་རླབས་ཅན། །གང་ཞིག་དྲན་པ་ཙམ་གྱི་ མོད་ཉིད་ལ། །བྱིན་གྱིས་རླབས་མཛད་བླ་མར་གསོལ་བ་འདེབས། །ཉེས་ཀུན་བག་ཆགས་དང་བཅས་སྤངས་ པའི་ཐུགས། །མདོ་སྔགས་དམ་ཆོས་གསལ་བར་འབྱེད་པའི་གསུང། །འཕགས་ཚོགས་དབུས་ན་ལྷང་ངེར་ ཤར་པའི་སྐུ། །སྐྱབས་གསུམ་ངོ་བོ་བླ་མར་གསོལ་བར་འདེབས། །དུས་གསུམ་རྒྱལ་བ་ཐམས་ཅད་བླ་མ་ ཡིས༑ ༑བསྐྱེད་ཅིང་སླར་ཡང་རྒྱལ་བ་མ་ལུས་པའི། །འཕྲིན་ལས་ཕྱོགས་བཅུར་རྒྱས་མཛད་བླ་མ་ཉིད། ། [048A]༄༅། །ཀུན་གྱི་བྱེད་པོ་བླ་མར་ ྾ འདས་པའི་སངས་རྒྱས་རྣམས་ཀྱི་མ་ཐུལ་པ། །སུས་ཀྱང་ འདུལ་དཀའ་སྙིགས་དུས་འགྲོ་རྣམས་ལ། །བླང་དོར་སྟོན་ཅིང་སྨིན་གྲོལ་ལམ་མཆོག་ལ། །དགོད་མཛད་ཟླ་ མེད་བླ་མར་ ྾ ཁྱད་པར་བདག་ཅག་དོན་དུ་མི་སྐྱོ་བར། །ཡང་དང་ཡང་དུ་འཁོར་བར་བྱོན་ནས་ནི། ། དབང་བསྐུར་རྒྱུད་བཤད་མན་ངག་གནང་བ་ཡིས། །རྗེས་སུ་འཛིན་མཛད་བླ་མར་ ྾ དེང་ནས་བྱང་སྙིང་བར་དུ་ འང་རྗེས་བཟུང་སྟེ། །ཡང་ཡང་ཆོས་ཀྱི་ཕྱོགས་རྣམས་སྟོན་པ་ཡིས། །ངན་སོང་སྦྱོང་བར་བྱེད་ཅིང་བྱིན་རླབས་ [048B] ༑དངོས་གྲུབ་སྩོལ་མཛད་ཁྱོད་ལས་གཞན་དག་སུ། །དེ་ཕྱིར་བདག་ལ་ལེགས་ཉེས་ཅི་བྱུང་ཡང། ། བདག་ཉིད་ཆེན་པོ་ཁྱེད་རང་མཁྱེན་མིན་པ། །རེ་ས་གཞན་ན་མེད་དོ་དྲིན་ཅན་རྗེ། །ཉམ་ཐག་བདག་ལ་ཅི་ཀྱང་ཐུཊ་ རྗེས་བཟུང། །བདག་ཀྱང་རྣམ་ཀུན་ཁྱོད་ཀྱི་རྗེས་ཞུགས་ཏེ། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་འགག་ཅིང། །མདོ་ སྔགས་ལམ་བཟད་སྐྱེ་ཞིང་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་རློབས། །བླ་མ་ཡབ་ཡུམ་གྱི་ ཐུགས་ཀར་རིམ་བཞིན་ཟླ་བ་དང་ཉི་མའི་གདན་ལ་དྷཱི་དང་ཧྲཱི་འི་མཐར་འབྲུ་དྲུག་གིས་བསྐོར་བར་གྱུར། ཨོཾ་ཨ་ [049A]༄༅། །ར་པ་ཙ་ན་དྷཱི་ཧྲིཿ་ཞེས་བཟླ། མཆོད་བསྟོད་བྱ། ཐུན་མོང་མ་ཡིན་པའི་དབང་བཞི་ལེན་པར་འདོད་ ན་མཎྜལ། སྡོམ་བཟུང། ཡང་མཎྜལ། གསོལ་གདབ་མཇུག་ཏུ། གཞལ་ཡས་ཁང་རྣམས་དང་བཅས་པ་བླ་མ་ ཡབ་ཡུམ་ལ་ཐིམ། །བླ་མ་ཡབ་ཡུམ་རང་གི་སྤྱི་བོར་བྱོན་ནས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ ཞེས་མན་ཆད་གོང་ལྟར་རོ། །འདིར་ཐུན་མོང་བ་ནི། སངས་རྒྱས་ཀུན་གྱི་བདུད་ཉིད་བླ་མ་དང་དབྱེར་མེད་པའི་རྗེ་ བཙུན་ཡབ་ཡུམ་ལ་གསོལ་བ་འདེབས་སོ། །བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ལན་ [049B] ཞེས་གསོལ་བ་བཏབ་པས་བླ་མའི་སྤྱི་བོ་ནས་འོད་ཟེར་དཀར་པོ་བྱུང། རང་གི་སྨིན་ མཚམས་སུ་ཐིམ། །ལུས་ཀྱི་དྲི་མ་དག་བུམ་དབང་ཐོབ། ཡང་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་ རང་གི་མགྲིན་པར་ཐིམ། ངག་གི་དྲི་མ་དག་གསང་བའི་དབང་ཐོབ། ཡང་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་ རང་གི་ཐུགས་ཀར་ཐིམ། ཡིད་ཀྱི་དྲི་མ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡང་གནས་གསུམ་ནས་ འོད་ཟེར་ཁ་དོག་སྣ་ཚོགས་བྱུང། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་གང། ལུས་ངག་ [050A]༄༅། །ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག་དབང་བཞི་པ་ཐོབ་ དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་སོགས་ཀྱིས་གསོལ་བ་བཏབ་པས། གཞལ་ཡས་ཁང་ལྷ་ རྣམས་དང་བཅས་པ་ཐམས་ཅད་གཙོ་བོ་ལ་ཐིམ། གཙོ་བོ་བདག་གི་སྙིང་གར་བྱོན་ནས་བཞུགས་པར་བསམ་ལ་སྔར་བཞིན་ དུ་གསོལ་བ་གདབ་པར་བྱའོ། །དེ་ལྟར་ཉིན་རེ་བཞིན་དུ་ཐུན་རེ་གང་འགྲུབ་བྱའོ། །འདི་ལ་གཙོ་བོའི་ཐུགས་ཀ་ནས་ལྷ་མོ་རལ་གྲི་དང་ཐོད་པ་འཛིན་པ་ཞེས་ གསུངས་པས་ནང་སྒྲུབ་དང་འབྲེལ་ཆེ་བར་སྣང་ངོ། །དངོས་གཞི་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ [050B] འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་ འདུས་པ་ལས་རང་ཉིད་རྗེ་བཙུན་འཇམ་དབྱངས་རལ་གྲི་དང་གླེགས་བམ་འཇིན་པས་དབྱངས་ཅན་མ་རལ་གྲི་དང་གླེགས་ བམ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་དམར་སེར་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་ པ༑ རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། གཙོ་བོའི་སྙིང་གར་སྣ་ཚོགས་པདྨ་འདབ་མ་བཞི་པའི་ དབུས་སུ་མི་བསྐྱོད་པ་སྔོན་པོ་མ་མ་ཀཱི་དང་སྦྱོར་བ། ཤར་གྱི་འདབ་མར་རྣམ་སྣང་དཀར་པོ་སངས་རྒྱས་སྤྱན་མ་ [051A]༄༅། །དང་སྦྱོར་བ། ལྷོའི་འདབ་མར་རིན་འབྱུང་སེར་པོ་རིན་ཆེན་སྒྲོལ་མ་དང་སྦྱོར་བ། ནུབ་ ཀྱི་འདབ་མར་འོད་དཔག་མེད་དམར་པོ་གོས་དཀར་མོ་དང་སྦྱོར་བ། བྱང་གི་འདབ་མར་དོན་ཡོད་གྲུབ་པ་ལྗང་གུ་ དམ་ཚིག་སྒྲོལ་མ་དང་སྦྱོར་བ། ཐམས་ཅད་ཀྱང་བཞུགས་ཚུལ་ཕྱག་མཚན་རྒྱན་རྣམས་གཙོ་བོ་བཞིན་ནོ། །དེ་རྣམས་ ཀྱི་དཔྲལ་བར་ཨོཾ་སོགས་བྱིན་རླབས་དང། དབང་ལྷ་སྤྱན་དྲངས་ཏེ་མཆོད་ཅིང། གསོལ་བ་གདབ་པ་དང། དབང་བསྐུར་བ་གསང་ སྒྲུབ་དང་འདྲ་བ་ལས། ཆུ་ལྷག་མ་ཡར་ལུང་པ་ལས་ཐམས་ཅད་ལ་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན། དབང་ལྷ་ [051B] རང་གཙོ་བོར་གསལ་བའི་སྙིང་གའི་རིགས་ལྔའི་ཐུགས་ཀར་ཟླ་ བའི་གདན་ལ་དྷཱི་དང་ཡུམ་ལྔའི་ཐུགས་ཀར་ཉི་མའི་གདན་ལ་ཧྲཱི་འི་མཐར་འབྲུ་དྲུག་གིས་བསྐོར་བར་དམིགས་ལ་སྤྲོ་བསྡུ་ དང་བཅས། ཨོཾ་ཨ་ར་པ་ཙ་ན་དྷཱི་ཧྲཱི་ཞེས་བཟླ་བར་བྱའོ། །རྗེ་བཙུན་གྱི། གལ་ཏེ་ནང་སྒྲུབ་དག་ལ་ཡང། །བློ་ལྡན་འཁོར་ལོ་ བསྐོར་འདོད་ན། །འོད་ཟེར་སྔོ་ཟླུམ་གསལ་བ་གཡས། །དེ་སྟེང་ཡིག་འཐུ་དམར་པོ་གཡོན། །འོད་ཟེར་སྔོ་དམར་ཕྱོགས་བཅུར་འཕྲོས། །ཞི་རྒྱས་ དབང་ལ་སོགས་པ་ཡི། །འདོད་པའི་དོན་རྣམས་བསྡུ་བྱ་སྟེ། །ཞེས་སོ། །ནང་གི་མཆོད་གཏོར་རྣམས་ནི། གསང་སྒྲུབ་ལྟར་བྱིན་གྱིས་ [052A]༄༅། །རླབས། གཏོར་མགྲོན་ཡང་དེ་ལྟར་འདིར་བསྒྱུར་ནས་བསྐྱེད་པའམ། བསྡུ་ན། རང་གི་སྙིང་ ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་ཡབ་ཡུམ་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་ སྤྱན་དྲངས། མདུན་གྱི་ནམ་མཁའ་བཞུགས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་ཞེས་པ་ནས། ལྷ་རྣམས་རང་ ལ་ཐིམ་པར་གྱུར། ཞེས་པའི་བར་གསང་སྒྲུབ་དང་འདྲའོ། །ཐུན་མཚམས་སུ་བཟའ་བཏུང་འབྲུ་གསུམ་གྱིས་བྱིན་གྱིས་རླབས་ལ་རང་ལྷར་ བསྒོམས་ཏེ་ཟའོ། །ཉལ་བའི་ཚེ་བླ་མ་དང་དབྱེར་མེད་པའི་ཡི་དམ་ལ་དམིགས་པ་གཏད་ལ་ཉལ་ལོ། །འགྲོ་འདུག་ཐམས་ཅད་ལའང་ [052B] །འདིའི་དབང་བྱེད་ན་དཀྱིལ་འཁོར་གསང་སྒྲུབ་ལྟར་དང། བདག་མདུན་སྒྲུབ། སློབ་མས་མཎྜལ། གསོལ་ གདབ༑ སྡོམ་པ་གཉིས་བླང་བའང་དེ་ལྟར་བྱ། སློབ་མ་པད་ཉི་གདན་ལ་ལྷར་བསྐྱེད་དེ་ཡེ་ཤེས་བ་ཐིམ་པ་དཔའ་གཅིག་དང་འདྲའོ། །དབང་ དངོས་གཞི་ལ་བུམ་དབང་གི་དོན་དུ་མཎྜལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང། ། ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་བདག་ལའང་སྩལ་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་ གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་བླ་མ་རྗེ་བཙུན་འཇམ་དབྱངས་ཡབ་ཡུམ་ཁྱེད་རང་གི་སྤྱི་བོར་བྱོན་ཏེ་ [052A]༄༅། །རླབས། གཏོར་མགྲོན་ཡང་དེ་ལྟར་འདིར་བསྒྱུར་ནས་བསྐྱེད་པའམ། བསྡུ་ན། རང་གི་སྙིང་ ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་ཡབ་ཡུམ་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་ སྤྱན་དྲངས། མདུན་གྱི་ནམ་མཁའ་བཞུགས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་ཞེས་པ་ནས། ལྷ་རྣམས་རང་ ལ་ཐིམ་པར་གྱུར། ཞེས་པའི་བར་གསང་སྒྲུབ་དང་འདྲའོ། །ཐུན་མཚམས་སུ་བཟའ་བཏུང་འབྲུ་གསུམ་གྱིས་བྱིན་གྱིས་རླབས་ལ་རང་ལྷར་ བསྒོམས་ཏེ་ཟའོ། །ཉལ་བའི་ཚེ་བླ་མ་དང་དབྱེར་མེད་པའི་ཡི་དམ་ལ་དམིགས་པ་གཏད་ལ་ཉལ་ལོ། །འགྲོ་འདུག་ཐམས་ཅད་ལའང་ [052B] །འདིའི་དབང་བྱེད་ན་དཀྱིལ་འཁོར་གསང་སྒྲུབ་ལྟར་དང། བདག་མདུན་སྒྲུབ། སློབ་མས་མཎྜལ། གསོལ་ གདབ༑ སྡོམ་པ་གཉིས་བླང་བའང་དེ་ལྟར་བྱ། སློབ་མ་པད་ཉི་གདན་ལ་ལྷར་བསྐྱེད་དེ་ཡེ་ཤེས་པ་ཐིམ་པ་དཔའ་གཅིག་དང་འདྲའོ། དབང་ དངོས་གཞི་ལ་བུམ་དབང་གི་དོན་དུ་མཎྜལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང། ། ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་བདག་ལའང་སྩལ་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་ གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་བླ་མ་རྗེ་བཙུན་འཇམ་དབྱངས་ཡབ་ཡུམ་ཁྱེད་རང་གི་སྤྱི་བོར་བྱོན་ཏེ་ [053A]༄༅། །ཡབ་ཀྱི་ཐུགས་ཀའི་རིགས་ལྔའི་ཡབ་ཡུམ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ ཚུལ་དུ་རིགས་ལྔ་ཡབ་ཡུམ་རང་འདྲ་གཉིས་པ་ཆད་ནས་ཁྱེད་རང་གི་སྙིང་པདྨ་འདབ་མ་བཞི་པར་གྱུར་པའི་སྟེང་དུ་ འཁོད་པ་ནི། དབུས་སུ་མི་བསྐྱོད་པ་སྔོན་པོ་མ་མ་ཀཱི་དང་སྦྱོར་བ། སོགས་རིགས་ལྔ་ཡབ་ཡུམ་ཕྱག་མཚན་བཞུགས་ ཚུལ་དང་བཅས་མངོན་རྟོགས་ལྟར་བརྡ་སྤྲོད། དེ་དག་གི་གནས་གསུམ་གྱི་ཡི་གེ་གསུམ་ལས་བདུད་རྩིའི་རྒྱུན་བབས་པས་ ཁྱེད་རང་གི་ལུས་ཐམས་ཅད་གང། ཉོན་མོངས་པ་ལྔ་དག་ཕུང་པོ་ལྔ་གནས་འགྱུར། ཡེ་ཤེས་ལྔ་ [053B] ཁྱེད་རང་རྣམས་སླར་ཡང་སྤྱི་བོའི་བླ་མ་རྗེ་བཙུན་ཡབ་ཡུམ་ལ་གུས་འདུད་བྱས་པས་ཡབ་ཡུམ་ སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་རྩིའི་རྒྱུན་བྱུང་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་ ལུས་ཐམས་ཅད་གང་བས་བདེ་བ་ཆེན་པོ་སྐྱེ་པར་བསམ། དེས་ལུས་ཀྱི་དྲི་མ་ཐམས་ཅད་དག་བུམ་པའི་ དབང་ཐོབ། འབྲས་བུ་སྤྲུལ་སྐུ་གྲུབ་པའི་བག་ཆགས་བཞག་གོ་གསང་དབང་གི་དོན་དུ་མཎྜལ་དང། གསོལ་ བཏབ་སྔར་བཞིན། ཁྱེད་རང་གི་སྤྱི་བོའི་བླ་མ་ཡབ་ཡུམ་སྙོམས་པར་བཞུགས་པའི་དགའ་བའི་སྒྲས་སངས་རྒྱས་བྱང་ [054A]༄༅། །སེམས་སྤྱན་དྲངས། ཡབ་ཀྱི་སྤྱི་བོ་ནས་བཞུགས། སྐུའི་དབྱིབས་བརྒྱུད་ ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་དཀར་དམར་མྱོང་བས་ཆུ་རྒྱུན་དེས་མགྲིན་པའི་གནས་རྣམས་ ལ་ཐིམ། ནང་མཆོད་བྱིན། བྱང་སེམས་ལྕེའི་སྟེང་དུ་མྱངས་པ་ལས་སྐྱེས་པའི་བདེ་བས་སྟོང་པ་ཡུལ་དུ་ བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་དེ་ནས་ཁྱེད་རང་གི་སྤྱི་བོའི་བླ་མ་རྗེ་ བཙུན་གྱི་ཐུགས་ཀའི་རིགས་ལྔ་ཡབ་ཡུམ་གྱི་སྙིང་གའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞལ་ནས་བརྒྱུད་དེ་ [054B] ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པས་འོད་ཟེར་འཕྲོས་ཏེ། གསུང་ རབ་ཀྱི་ཚིག་དོན་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་མོས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱི་ཧྲཱི་ཞེས་ རྗེས་ཟློས་བརྒྱ་རྩ་བརྒྱད་བྱ། དེས་ངག་གི་དྲི་མ་དག་གསང་བའི་དབང་ཐོབ། འབྲས་བུ་ལོངས་སྤྱོད་རྫོགས་ པའི་སྐུ་གྲུབ་པའི་བག་ཆགས་བཞག་གོ་ཤེར་དབང་གི་དོན་དུ་མཎྜལ་གསོལ་བཏབ་སྔར་ལྟར། ཁྱེད་རང་རྣམས་འཇམ་ དབྱངས་དཔའ་བོ་གཅིག་པར་གསལ་པར་བསམ། སྤྱི་བོའི་བླ་མས་དབྱངས་ཅན་མ་ལོ་བཅུ་དྲུག་ལོན་པ་ཁྱེད་རང་ལ་བྱིན་པར་བསམ་ [055A]༄༅། །ལ༑ རྒྱལ་བ་ཡབ་ཡུམ་བདེ་བ་ཐམས་ཅད་འབྱུང་བའི་གནས། །ལྷ་མོ་ མཆོག་འདི་བུ་ཡིས་མཆོད་རྟེན་མངོན་དུ་གྱིས། ཞེས་བརྗོད། ཡུམ་གྱི་མཁའ་ཨཱ་ལས་པདྨ་དམར་པོ་འདབ་ མ་ལྔ་པ་ཟེའུ་འབྲུ་ལ་ཨཱ་ས་མཚན་པ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་ གིས་མཚན་པར་བསམ་ལ། ཡབ་ཡུམ་སྙོམས་པར་ཞུགས་པས་ལུས་ཐམས་ཅད་ཐིག་ལེས་གང། ཐིག་ལེ་ ཐམས་ཅད་བདེ་བའི་རང་བཞིན་དུ་གྱུར་པས་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ཏིང་ངེ་འཛིན་མངོན་དུ་བྱས་ [055B]དེས་ཡིད་ཀྱི་དྲི་མ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། འབྲས་བུ་ཆོས་སྐུ་ གྲུབ་པའི་བག་ཆགས་བཞག་གོ་དབང་བཞི་པའི་དོན་དུ་མཎྜལ་ཕུལ། ཁྱོད་ཞབས་པདྨའི་བཀའ་དྲིན་ གྱིས༑ ༑སོགས་ཀྱིས་གསོལ་བ་གདབ། ཁྱེད་རང་གི་མདུན་གྱི་ནམ་མཁར་བླ་མ་ཡབ་ཡུམ་ཞིག་ གསལ་བཏབ་ནས། དེའི་ཡུམ་དེ་ཡབ་ལ་ཐིམ། ཡབ་དེ་ཡང་ཡབ་དེའི་ཐུགས་ཀའི་དྷཱི་ལ་ཐིམ་ དྷཱི་དེ་ཡང་ཚིག་དྲག་ལ་ཐིམ། ཚིག་དྲག་དེ་ནམ་མཁའ་ལ་འཇལ་ཡལ་བ་བཞིན་དུ་བསམ་ལ་ [056A]༄༅། །དེའི་ངང་ལ་མཉམ་པར་བཞག་དེའི་དོན་ཡང་ཆོས་ཐམས་ཅད་སྤྲོས་པ་ དང་བྲལ་བ་ཡིན་པས་སྨྲ་བསམ་བརྗོད་མེད་ཀྱི་གནས་ལུགས་འདི་དབང་བཞི་པའི་ངོ་བོ་ཡིན་ནོ། །ཞེས་ངོ་སྤྲོད་ དེས་ལུས་ངག་ཡིད་གསུམ་གྱི་དྲི་མའི་ས་བོན་ཐམས་ཅད་དག་དབང་བཞི་པ་ཐོབ། འབྲས་བུ་ངོ་བོ་ཉིད་སྐུ་ གྲུབ་པའི་བག་ཆགས་བཞག་གོ་དེ་ནས་སྐུ་དངོས་ཀྱི་བྱིན་རླབས་དང། རྗེས་ཆོག་གཉིས་གསང་སྒྲུབ་དང་འདྲའོ། །།།གཉིས་ པ་ལྷག་པའི་ལྷ་རྗེ་བཙུན་མ་ནག་མོ་ནི། སྐྱབས་སེམས་ཚད་མེད་དཔའ་གཅིག་ལྟར་བྱ། རྡོར་རྗེ་སེམས་དཔའི་བསྒོམ་བཟླས་བདེ་མཆོག་ལྟར་བྱ། བླ་ [056B] རང་གི་སྤྱི་གཙུག་ཏུ་པདྨ་དང་ཉི་མའི་གདན་ལ་བཾ་ཡོངས་སུ་གྱུར་པ་ལས་བླ་མ་དང་དབྱེར་མེད་ཀྱི་རྗེ་ བཙུན་མ་ཞལ་གཅིག་མ། ཕྱག་གཡས་གྲི་གུག་འཕྱར་བ། གཡོན་ཐོད་པ་ཐུགས་ཀར་བསྣམས་པའི་གྲུ་ ཁུག་ན་ཁ་ཊཱཾ་ག་བཟུང་བ། གཅེས་བུ་ཁྲོས་པའི་ཆས་དང་ལྡན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་མེ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ ཧཱུཾ་སྔོན་པོ། ལྟེ་བར་སཱ་སེར་པོ། གསང་བར་ཧཱ་ལྗང་གུས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ [057A]༄༅། །རྩ་རྒྱུད་ཀྱི་བླ་མ་ཡི་དམ། སངས་རྒྱས་བྱང་སེམས། མཁའ་འགྲོ་ཆོས་སྐྱོང་ གི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ། སྤྱི་བོའི་བླ་མ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་པའི་བདག་ཉིད་དུ་ གྱུར༑ གང་གི་དྲན་གྱིས་བདེ་ཆེན་ཉིད། །སོགས་དང། དེ་ཉིད་མངོན་གྱུར་དེ་བཞིན་གཤེགས། །སྤྲོས་ བྲལ་ཟབ་ཞི་རྒྱལ་བའི་ཡུམ། །སྣ་ཚོགས་སྐུ་སྟོན་འགྲོ་བའི་མགོན། །བླ་མ་རྗེ་བཅུན་མ་ལ་འདུད། ཨོཾ་གུ་རུ་བཛྲ་ ཡོ་གའི་ནི་ཨརྒྷཾ་སོགས་ཀྱིས་མཆོད། བླ་ན་མཆིས་དང་མ་མཆིས་པའི། །ཀུན་བཟང་རྣམ་འཕྲུལ་མཆོད་པ་ [057B] ༑བགྱིད་དང་བགྱིད་སྩལ་ཡི་རང་བའི། །སྡིག་ལྟུང་བཤགས་སོ་སླན་ཆད་སྡོམ། །བདེ་བར་གནས་ དང་གཞན་བདེ་ལ། །འགོད་པ་སོགས་ལ་ཡི་རང་ངོ། །ཤེས་བྱ་སྤང་བྱ་ཐོབ་སྒོམ་གྱིས། །བསྡུ་བའི་ ཆོས་འཁོར་བསྐོར་དུ་གསོལ། །འགྲོ་བའི་ལྡོངས་པར་མི་འགོད་པར། །བསོད་ནམས་ཞིང་དུ་བཞུགས་གསོལ་ འདེབས། །འདིས་མཚོན་དགེ་བས་འགྲོ་བ་ཀུན། །བླ་མས་རྗེས་སུ་འཛིན་པར་ཤོག་མཎྜལ་སྤྱི་ལྟར་ཕུལ་བའམ་ འདི་ཁའི་གཞུང་ནས་བྱུང་བ་ནི། རང་གི་སེམས་ཉིད་དང་དབྱེར་མེད་ཀྱི་རྗེ་བཙུན་མ་རང་གི་སྤྱི་བོ་ནས་ཡར་བྱོན་པ་དེས་ [058A]༄༅། །རང་གི་ལུས་ཀྱི་པགས་པ་བཤུས་ནས་རྟིང་པའི་སྟེང་དུ་དབུས་སུ་ཁོག་པ་མགོ་བོ་ དང་སྙིང། ཡན་ལག་བཞི་ཕྱོགས་བཞིར། རྒྱུ་མ་སོགས་མཚམས་རྣམས་སུ་བཞག་པ་ཡོངས་སུ་གྱུར་པ་ ལས་རིམ་པ་བཞིན་དབང་ཆེན་གསེར་གྱི་ས་གཞིའི་སྟེང། རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་ དང་རྣམ་རྒྱལ་ཁང་བཟང། གླིང་བཞི་དང་ཉི་ཟླ་ལ་སོགས་པ་ལྷ་དང་མིའི་དཔལ་འབྱོར་མ་ཚང་བ་མེད་ པར་གྱུར་པ་འདི་ཉིད་བླ་མ་དང་དཀོན་མཆོག་རིན་པོ་ཆེའི་ཞིང་དུ་འབུལ་ལོ། །ཐུགས་རྗེས་འགྲོ་བའི་དོན་ [058B] ཞེས་འབུལ། བླ་མའི་རྣལ་འབྱོར་གོང་ལྟར་གསོལ་བ་གདབ་ཅིང། གཞན་བླ་མ་གོང་མས་མཛད་པའི་ བཀའ་དྲིན་དྲན་པའི་གསོལ་འདེབས་ཀྱང་བྱ། མཐར། རྗེ་བཙུན་མ་དགྱེས་བཞིན་དུ་རང་གི་ཚངས་བུག་ནས་བྱོན་ཏེ། སྙིང་གའི་རླུང་ སེམས་ལ་ཐིམ་པར་བསམ་མོ། །དངོས་གཞི་ནི། སྭ་བྷཱ་ཝ་དང། ཤཱུ་ནྱ་ཏཱ་ས་ཆོས་ཐམས་ཅད་རང་ངོས་ནས་སྡོད་ལུགས་སུ་གྲུབ་པ་རྡུལ་ཙམ་ ཡང་མེད་པའི་སྟོང་པ་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས། དེར་ངེས་པའི་རང་སེམས་བདེ་ཆེན་ལྷན་སྐྱེས་སུ་སོང་བར་མོས་ཏེ། གཉིས་པོ་ཆུ་ལ་ཆུ་བཞག་པ་བཞིན་ དུ་གཉིས་སྣང་ཕྲ་མོས་ཀྱང་མཆོད་པར་བཟུང་ནས། དག་པ་གཉིས་ལྡན་གྱི་ཡེ་ཤེས་ཆོས་སྐུར་དངོས་སུ་སོང་བར་རྩེ་གཅིག་ཏུ་མཉམ་པར་བཞག་དེ་ལས་མ་ [059A]༄༅། །གཡོ་བཞིན་དུ། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་དྲན་པས་སེམས་ཅན་གྱི་དོན་དུ་ཡེ་ ཤེས་རང་གི་སྣང་བར་ཨེ་ལས་ཆོས་འབྱུང་གྲུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ། གདེངས་ཀ་གྱེན་དུ་བསྟན་པའི་ནང་དུ་པདྨ་དང་ཉི་མའི་གདན་ལ་འཇིགས་བྱེད་ནག་པོ་ཁ་སྒུབ་པ་དང་དུས་མཚན་མ་དམར་མོ་རྐན་རྐྱལ་དུ་བསྐྱིལ་བའི་སྟེང་དུ་ བཾ་ནག་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ གྲི་གུག་ནག་པོ་ཡུ་བ་ལ་བཾ་གྱིས་མཚན་པ། དེ་ལས་འོད་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང། བཅུད་ཐམས་ [059B] ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་ནག་མོ་ཞལ་གཅིག་མ་ ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་ བསྣམས་པ། ཞབས་གཡས་བརྐྱང་པས་འཇིགས་བྱེད་ནག་པོ་དང། གཡོན་བསྐུམ་པས་དུས་མཚན་མ་དམར་ མོ་མནན་པ། གཡོན་གྱི་གྲུ་མོའི་ནང་ན་ཁ་ཊཱཾ་ག་བཟུང་བ། དབུ་སྐྲ་སེར་པོ་གྱེན་དུ་ལངས་པ། སྤྱན་གསུམ་དང་ ལྡན་པ། མཆེ་བ་བཞི་གཙིགས་པ། ཐོད་སྐམ་ལྔས་དབུ་བརྒྱན་ཅིང། ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ [060A]༄༅། །གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་ པའོ། །དེའི་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བར་བཾ་སྔོན་པོ་ལས་རྗེ་བཙུན་མ་སྔོན་མོ་རང་འདྲའི་རྗེ་བཙུན་ མ་བརྒྱན་ཀྱིས་བསྐོར་བ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་སུ་བཾ་སེར་པོ་ལས་རྗེ་བཙུན་མ་སེར་ མོ་རང་འདྲ་དྲུག་ཅུ་རྩ་བཞིས་བསྐོར་བ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་པའི་དབུས་སུ་བཾ་དཀར་པོ་ལས་རྗེ་བཙུན་མ་དཀར་མོ་རང་འདྲ་སུམ་ཅུ་སོ་གཉིས་ཀྱིས་བསྐོར་བ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ [060B] གསང་ གནས་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་པའི་དབུས་སུ་བཾ་ལྗང་གུ་ལས་རྗེ་བཙུན་མ་ལྗང་གུ་ རང་འདྲ་སུམ་ཅུ་སོ་གཉིས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་ཉི་མའི་གདན་རྐྱང་བ་ལ་བཞེངས་པ་སྟེ་ གཞན་རྒྱན་ཆ་ལུགས་ཐམས་ཅད་གཙོ་མོ་ལྟ་བུའོ། །མིག་གཉིས་སུ་ལཾ་ལས་སངས་རྒྱས་སྤྱན་མ་དཀར་མོ་ མེ་ལོང་འཛིན་པ། རྣ་བ་གཉིས་སུ་མཾ་ལས་མ་མ་ཀཱི་སྔོན་མོ་ཅང་ཏེའུ་འཛིན་པ། སྣ་ལ་ཨཾ་ལས་ [061A]༄༅། །རིན་ཆེན་སྒྲོལ་མ་སེར་མོ་དྲི་ཆབ་འཛིན་པ། ལྕེ་ལ་པཾ་ལས་གོས་དཀར་མོ་ དམར་མོ་ཞལ་ཟས་འཛིན་པ། ལུས་ལ་ཏཾ་ལས་དམ་ཚིག་སྒྲོལ་མ་ལྗང་གུ་ན་བཟའ་འཛིན་པ། ཐུགས་ ཀར་ཧཱུཾ་ལས་ཀུན་ཏུ་བཟང་མོ་སྔོན་མོ་གྲི་གུག་དང་ཐོད་པ་བདུད་རྩིས་གང་བ་འཛིན་པ། དེ་ཐམས་ཅད་ཀྱི་ དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུཾ་ལས་འོད་ ཟེར་འཕྲོས། ཨུ་རྒྱན་ནས་རྗེ་བཙུན་མའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ [061B] ཨོཾ་བཛྲ་ཡོ་གའི་ནི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿ་ཧཱུཾ་བཾ་ཧོཿ་དབྱེར་མེད་ དུ་ཐིམ་པར་གྱུར། ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རྒྱལ་བ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ ཨོཾ་པཉྩ་ཀུ་ལས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བཅོམ་ལྡན་དེ་བཞིན་ཉིད་གཤེགས་ནས། །ཐུགས་ རྗེས་འགྲོ་བའི་དོན་གྱི་ཕྱིར། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་པས། །དབང་བཞིའི་ལས་ལ་འགྲོ་བ་ རྣམས། །འགོད་མཛད་སྟོན་མཆོག་བླ་ན་མེད། །བརྩེ་བས་བདག་ལ་དབང་བསྐུར་སྩོལ། ། [062A]༄༅། །ལན་གསུམ་བརྗོད། ཞེས་གསོལ་བ་བཏབ་པས་རིགས་ལྔས་བུམ་པའི་ཆུས་སྤྱི་བོ་ནས། དུས་ གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་བཞིའི་བདག་ཉིད་ཆེན་པོ་འདིས། །བུ་ཁྱོད་ལ་ནི་དབང་ བསྐུར་བས། །སྐུ་བཞི་མངོན་དུ་འགྱུར་བར་ཤོག་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བྷ་བ་ཨ་བཧི་ཥེ་ཀེ་ཏ་ས་མ་ ཡ་ཤི་ཡེ་ཧཱུཾ། ཞེས་དབང་བསྐུར་བས་ཆུའི་རྒྱུན་དེས་ལུས་ཐམས་ཅད་གང། དྲི་མ་ཐམས་ཅད་དག་ དབང་བཞི་པ་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་དང་གསང་གནས་ཀྱི་ལྷ་རྣམས་ལ་དོན་ཡོད་གྲུབ་ [062B] ལྟེ་བའི་ལྷ་རྣམས་ལ་རིན་ཆེན་འབྱུང་ལྡན། སྙིང་གའི་ལྷ་རྣམས་ལ་མི་བསྐྱོད་པ། མགྲིན་པའི་ལྷ་ ལྷ་རྣམས་ལ་འོད་དཔག་མེད། །སྤྱི་བོའི་ལྷ་རྣམས་དང། སངས་རྒྱས་སྤྱན་མ་ལ་རྣམ་པར་སྣང་མཛད་ མ་མ་ཀཱི་ལ་མི་བསྐྱོད་པ། རིན་ཆེན་སྒྲོལ་མ་ལ་རིན་ཆེན་འབྱུང་ལྡན། གོས་དཀར་མོ་ལ་འོད་དཔག་ མེད༑ དམ་ཚིག་སྒྲོལ་མ་ལ་དོན་ཡོད་གྲུབ་པ། ཀུན་ཏུ་བཟང་མོ་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་ དབང་གི་ལྷ་རང་ལ་ཐིམ་པར་གྱུར། རང་ལྷར་གསལ་བ་ཐ་མལ་པའི་ལུས་སེམས་ལྟར་ངོ་བོ་ཐ་དད་མ་ཡིན་པ། བདེ་སྟོང་དབྱེར་མེད་ [063A]༄༅། །ཀྱི་ཡེ་ཤེས་ཀྱི་བཟུང་རྣམ་ལྷར་སྣང་བའི་གསལ་སྣང་དང་ང་རྒྱལ་ལ་བསླབ། རང་རྗེ་བཙུན་མར་གསལ་ བའི་འཁོར་ལོ་ལྔའི་ལྷ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་ལ་རང་རང་གི་སྐུ་མདོག་དང་མཚུངས་པའི་བཾ་རྣམས་ལ་སྔགས་ ཕྲེང་ཁ་དོག་དམར་པོ་གཡོན་དུ་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ་ཆར་བབ་པ་ བཞིན་རང་ལ་ཐིམ། ཡང་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། རྗེ་ བཙུན་མའི་སྐུར་གྱུར་ལ་སྔགས་ཀྱི་སྒྲ་སྒྲོགས། འོད་ཟེར་ཚུར་འདུས་ཏེ་སྔགས་ཕྲེང་ལ་ཐིམ་པར་གྱུར། ཨོཾ་ཧྲཱི་ [063B] ཞེས་ཅི་ནུས་བཟླ། འདིའི་རྫོགས་རིམ་ནི། བཟླས་པ་བྱ་བའི་གོང་ ངམ༑ འདིར་བསྒོམ་ཀྱང་ཆོག་སྟེ། སྙིང་གི་དཀྱིལ་སྙིང་གའི་གཙོ་མོའི་ལྟེ་བའི་ཐད་རྩ་མདུད་གྱི་དབུས་སུ་ཉི་ཟླ་སྲན་མ་ཙམ་ཁ་སྦྱར་བའི་བར་ལ་རང་གི་ སེམས་ཉིད་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་གསལ་ལ་དྭངས་པ་རང་བཞིན་མེད་པ་ཅིག་བསམ་ནས་ཚུ་རི་ནས་ཕར་བལྟ་བ་ལྟ་བུ་མ་ཡིན་པར་དེ་ལ་རང་སེམས་ བཞུགས་པ་བཞིན་དུ་རྩེ་གཅིག་ཏུ་དམིགས་ནས་མཉམ་པར་བཞག་དེ་ལྟར་ཡུན་རིང་བསྒོམ་པའི་མཐར་ཐིག་ལེ་ལས་འོད་ཟེར་འཕྲོས་སྣོད་བཅུད་ལ་ ཕོག་པས་འོད་དུ་ཞུ་ནས་རང་ལ་ཐིམ། འཁོར་ལོ་ལྔའི་ལྷ་རྣམས་སྙིང་གའི་གཙོ་མོ་ལ་ཐིམ། རང་སྟོད་སྨད་ནས་འོད་དུ་ཞུ་སྟེ་སྙིང་ཁའི་ལྷ་ཐིམ་ [064A]༄༅། །དེ་ཟླ་ཉི་ལ། དེ་ཐིག་ལེ་ལ་ཐིམ། དེ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་བསམ་ལ། གནད་དུ་བསྣན་ས་ སྙིང་ཁའི་རྩ་འཁོར་གྱི་ནང་དེ་མ་འཆུག་པར་དམིགས་མེད་ལ་མཉམ་པར་ཡུན་རིང་བཞག་སླར་ཡང་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་རང་ལྷའི་སྐུར་རྩ་ འཁོར་གྱི་ལྷ་དང་བཅས་ལྡང་བར་བྱའོ། །ནང་མཆོད་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ ལས་མེའི་དཀྱིལ་འཁོར། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་ བ་དུམ་བུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་ཤར་དུ་གཽ་ [064B]ལྷོར་ཀུ་ལས་ཁྱིའི་ཤ་ནུབ་ཏུ་ད་ལས་རྟའི་ཤ་བྱང་དུ་ཧ་ལས་གླང་པོ་ཆེ་ཤ་དབུས་སུ་ན་ལས་ མིའི་ཤ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བྷཱུཾ་ལས་དྲི་ཆེན། ལྷོར་ཨཾ་ལས་རཀྟ། ནུབ་ཏུ་ཛྲིཾ་ལས་བྱང་སེམས་ བྱང་དུ་ཁཾ་ལས་ཀླད་པ། དབུས་སུ་ཧཱུཾ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བཧྲུཾ། ལྷོར་ཨཾ། ནུབ་ཏུ་ ཛྲིཾ། བྱང་དུ་ཁཾ། དབུས་སུ་ཧཱུཾ། སླར་ཡང་དེ་རྣམས་ཀྱི་སྟེང་དུ་ཨོཾ་ཨཱཧཱུཾ་རེ་རེས་མཚན་པའི་བཧྲུཾ་ལས་ འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས། ཤ་ལྔ་བདུད་རྩི་ལྔ་ཡི་གེ་ལྔ་འབྲུ་ [065A]༄༅། །གསུམ་དང་བཅས་པ་འོད་དུ་ཞུ་བས་བདུད་རྩི་ཆེན་པོར་གྱུར། ཕྱག་རྒྱ་དང་བཅས། ཨོཾ་ ཨཱ་ཧཱུཾ་ཧཱ་ཧོ་ཧྲཱི་ཞེས་པས་ཐམས་ཅད་འདྲེས་ནས་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་དཀར་མེར་ཏེ་ཞུ་བར་གྱུར། ཨོཾ་ཨཱཧཱུཾ་ ལན་གསུམ་བརྗོད། ལག་པ་གཡོན་པའི་སྲིན་ལག་གིས་དཀྲུགས་ནས་ལྕེ་ལ་རེག་སྟེ་མྱངས་པས་ལུས་ཀྱི་ལྷ་རྣམས་མཆོད་པར་བསམ་ལ། ཨོཾ་ཨ་ མྲྀ་ཏ་སཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཉ་ཧཾ། ཞེས་བརྗོད། ཕྱི་མཆོད་བདེ་མཆོག་ལྟར་བྱིན་གྱིས་རླབས། མདུན་བསྐྱེད་ན། སྭ་བྷཱ་ ཝ་བརྗོད། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཨེ་ལས་ཆོས་འབྱུང་གྲུ་གསུམ་པ། ཞེས་པ་ནས་དབང་ལྷ་ཐིམ་པའི་ [065B] བདག་འཇུག་བླངས་པའི་མདུན་བསྐྱེད་མ་ཡིན་པ་ལ་རྩ་འཁོར་གྱི་ལྷ་ བསྐྱེད་ཀྱང་ཆོག་སླར་ཡང་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་བླ་མ་དང་ཡི་དམ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ༑ མཁའ་འགྲོ་ཆོས་སྐྱོང་བསྲུངས་མའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས་བླ་མ་རྣམས་རྗེ་བཙུན་མའི་ སྟེང་དང། གཞན་རྣམས་མཐའ་སྐོར་དུ་བཞུགས་པར་གྱུར། ཨོཾ་མཆོད་དོ། ཕྱོགས་བཅུ་དུས་གསུམ་གྱི་ཞེས་པ་ ནས༑ མངའ་བདག་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཧཱུཾ། རྒྱལ་བ་རྡོ་རྗེ་འཆང་གི་ཞལ་དུ་སོགས་ [066A]༄༅། །ད་གྱི་བླ་མ་རྣམས་ལ་འབུལ། གཞན་ཡང་དབང་བསྐུར་བ་རྒྱུད་བཤད་མན་ངག་གནང་ བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ ྾ ཨོཾ་ཧྲཱི་ཧཱུཾ་ཌཱ་ཀི་སོགས་མཐར། ཨོཾ་ཨཱཧཱུཾ། བཏགས་པས་གཙོ་ བོ་ལ་འབུལ། ཡི་དམ་ལྷ་ཚོགས་རྣམས་ཀྱི་ ྾ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ྾ མཁའ་འགྲོ་ ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་ ྾ གཞི་བདག་ཉུག་མར་གནས་པ་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། དེ་ནས། ཕྱི་ནང་གསང་བ་དེ་ཁོ་ནའི། །མཁའ་མཉམ་མཆོད་སྦྲིན་དཔག་མེད་ཀྱིས། ། [066B] །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཞེས་སྙན་གསན་འབུལ་ ཨོཾ་གུ་རུ་བཛྲ་ཡོ་གའི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭ་ཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པ་དྱཾ། ནས། ཤཔྟའི་བར་ སྦྱར་བས་ཕྱི་མཆོད་དང། སྔགས་དེ་ལ། ཨོཾ་ཨཱ་ཧཱུཾ། བཏགས་པས་ནང་མཆོད་དང། ཡང་དེ་ལ། མུ་ཏྲ་པཱུ་ཛ་མེ་གྷ་ས་མུ་དྲ་ སྥ་ར་ཎ་ས་མ་ཡ་ཧཱུཾ། ཞེས་བཏགས་པ་གསང་མཆོད་ཡུམ་ཡོད་པ་ལ་དངོས་སུ་འབུལ། གཞན་རྣམས་དེ་དང་ཐུགས་རྒྱུད་གཅིག་པས་མཉམ་དུ་ལྷན་ སྐྱེས་ཀྱི་བདེ་བ་སྐྱེས་པར་བསམ། ཡང་མུ་ཏྲཱི་ཚབ་ཏུ། ཡུ་གཿ་ནཱ་ད། བཅུག་པས་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ། མཐའ་ཡས་ [067A]༄༅། །འགྲོ་ལ་བརྩེ་བས་ཐབས་ཤེས་གཉིས། །སྐྱེ་མེད་གོམས་ཤིང་ཚོགས་གཉིས་བསགས་ པའི་མཐུས། །དེ་ཁོ་ན་ཉིད་མངོན་གྱུར་སྤངས་རྟོགས་རྫོགས། །དོན་གཉིས་མཐར་ཕྱིན་དེ་བཞིན་གཤེགས་མང་ འདུད། །སྤྲོས་བྲལ་ཟབ་ཞི་འོད་གསལ་འདུ་མ་བྱས། །དག་པ་གཉིས་དང་ལྡན་པའི་ཆོས་དབྱིངས་དང། །རོ་ གཅིག་གྱུར་པའི་ཤེས་རབ་སྒོ་ནས་ནི། །རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམ་ལ་འདུད། །ཆོས་ཀྱི་སྐུ་ལས་ ནམ་ཡང་གཡོ་མེད་བཞིན། །ཇི་བཞིན་གཟིགས་པ་འགྲོ་ལ་འདོམས་པའི་ཕྱིར། །ཐབས་ཀྱི་སྒོ་ནས་སྣ་ཚོགས་ [067B] །འགྲོ་བའི་མགོན་པོ་རྗེ་བཙུན་མ་ལ་འདུད། །དུས་གསུམ་སྐད་ཅིག་མཁྱེན་ནས་ཐུགས་བརྩེ་བས། ། འགྲོ་ལ་ལམ་བཟང་སྟོན་སོགས་བགྱིས་དགོས་གང། །ལྷུན་གྱིས་གྲུབ་དང་རྒྱུན་མི་ཆད་པ་ཡིས། །འགྲོ་ཀུན་དོན་ མཛད་མ་ཅིག་ཁྱོད་ལ་འདུད། །བདག་སོགས་ཀུན་གྱི་འགལ་རྐྱེན་ཀུན་ཞི་ཞིང། །མཐུན་རྐྱེན་ལྷུན་གྲུབ་རྩ་རླུང་ བྱིན་གྱིས་རློབས། །རིམ་པ་གཉིས་སོགས་ཡང་དག་ལམ་བཟང་ཀུན། །སྐྱེ་ཞིང་མཐར་ཕྱིན་བྱིན་གྱིས་རླབས་ ཏུ་གསོལ། །གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ལ། རྗེ་བཙུན་མ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་ [068A]༄༅། །གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་གུ་རུ་བཛྲ་ཡོ་གའི་ནི་སརྦ་བུདྡྷ་བོ་དཧི་ སཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། ཨ་རྒྷཾ་ལ་སོགས་པས་མཆོད། །རྡོ་རྗེའི་གླུ་བརྗོད། ཡིག་བརྒྱ་ བཟོད་གསོལ། སྨོན་ལམ་བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་བྱ། གཏོར་མགྲོན་གྱི་ལྷ་ཐམས་ཅད་ཛཿ་ཧཱུཾ་བཾ་ཧོཿ་རང་ལ་ཐིམ་པས་ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། ཐུན་མཚམས་སུ་བཟའ་བཏུང་བདུད་རྩིར་བྱིན་གྱིས་རླབས་ཏེ་ ནང་གི་ལྷ་རྣམས་གསལ་པོར་དམིགས་ནས་དེ་རྣམས་མཆོད་པའི་ཚུལ་དུ་ཟའོ། །ཉལ་བའི་རྣལ་འབྱོར་ནི། རྫོགས་རིམ་གྱི་ཐིག་ལེ་ལ་དམིགས་ [068B] །ལྡང་བའི་ཚེ་སྔགས་ཀྱི་སྒྲས་བསྐུལ་བར་མོས་ནས་ལྷའི་རྣལ་འབྱོར་ལ་གནས་པར་བྱའོ། །འདིའི་དབང་བྱེད་ན་གནས་དབེན་པར་གཙང་སྒྲ་ ལེགས་པོར་བྱས། བ་བྱུང་ལྔ་བྱུག་དྲི་བཟང་གིས་ཆག་ཆག་བཏབ་པ་ལས། དཀྱིལ་འཁོར་དཀར་པོ་ཟླུམ་པོ་མེ་རེ་དང་བཅས་པའི་དབུས་སུ་སིནྡྷུ་རའམ་ དེ་དང་ཚོན་དམར་པོ་བསྲེས་ནས་ཆོས་འབྱུང་བྲིས་པའི་དབུས་སུ་གྲི་གུག་ནག་པ་སོ་རང་ལ་བསྟན་པ། ལྟེ་བ་ལ་བཾ་གྱིས་མཚན་པའི་མདུན་ནས་བརྩམས་ ཏེ་སྙིང་པོའི་མགོ་ནང་དུ་བསྟན་པ་བྲི། ཆོས་འབྱུང་གི་མཐར་ཟླ་ཁམ་རྣམས་ལ་འབྲུ་གསུམ་དང་ཨ་ལི་མགོ་ནང་དང། ཀ་ལི་ཕྱིར་བསྟན་པ་བྲི་ དེའི་མཐར་ཕྱི་ནང་གི་མཆོད་གཏོར་དང་གྲི་གུག་ཐོད་པ་ཁཊཾ་ག་མིག་དར་རྣམས་བཤམས། བདག་བསྐྱེད་སྔོན་དུ་འགྲོ་བས་དཀྱིལ་འཁོར་ [069A]༄༅། །བསང་སྦྱངས། མངོན་རྟོགས་བཞིན་ལྷ་བསྐྱེད་ལ། བསྙེན་པ་དང་མཆོད་བསྟོད་ཅི་རིགས་པ་བྱ་ བདག་འཇུག་བླང། སློབ་མས་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ལན་གསུམ་གྱིས་གསོལ་བ་ གདབ༑ བྱང་སྡོམ་དང། སྔགས་སྡོམ་བླང། ཨ་ཁཾ་བའི་ར་ཧཱུཾ་ཞེས་པས་གདོང་གཡོགས་བཅིང། སློབ་མའི་ཐུགས་ ཀར་རྡོ་རྗེ་བཟུང་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་ ཞུགས་ཀྱི། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ [069B] མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་གསང་བར་གདམ་མོ། ། ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་ཐུགས་ཀར་བཟུང་སྟེ། དེང་ཕྱིན་ཆད་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ རྣམས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་ བྱ་ཡི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་ པར་གྱུར་ཏ་རེ། ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་ཐུགས་དཀར་བཟུང་ལ། རྣལ་འབྱོར་མ་ཉིད་དེང་ [070A]༄༅། །ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། ། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཡང་རྡོ་རྗེ་སློབ་མའི་སྤྱི་བོར་བཟུང་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། །གལ་ཏེ་ ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་ཁྱོད་ཀྱི་མགོ་བོ་འགས་པར་འགྱུར་རོ། །གཉིས་ཀའི་སྒོ་ནས་དམ་ལ་བཞག་ པ་ནི། ནང་མཆོད་བྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་ཡི་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུད་ཏ་ཀ་ཋཱ་ཋཱ་ཋཱ་ [070B] དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་རྗེ་བཙུན་རྣལ་འབྱོར་མ་ང་ཡིན་ གྱི༑ ངས་འདི་གྱིས་ཤིག་ཅེས་པ་དེ་ཁྱོད་ཀྱི་བྱ་དགོས་སོ། །ང་ལ་བརྙས་པར་མ་བྱེད་ཅིག་བྱས་ན་ཡ་ ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏ་རེ། བྱང་ཆུབ་ ཀྱི་སེམས་བསྒོམ་པ་ནི། ཁྱེད་རང་གི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ སྒོམས། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ [071A]༄༅། །སྒོམས་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཏཱ་ཡ་མི། རྡོ་རྗེ་སློབ་མའི་སྙིང་གར་བཟུང་ སྟེ༑ སིདྡྷི་སརྦ་ཡ་ཐ་སུ་ཁཾ་སུ་ར་ཏ་ས་མ་ཡ་སྟྭཾ། དེ་ནས་སློབ་མ་སྔགས་གཉིས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ ལས་པདྨ་དང་ཉི་མའི་གདན་ལ་འཇིགས་བྱེད་ནག་པ་ཁ་སྦུབ་པ་དང་དུས་མཚན་མ་དམར་མོ་རྐན་རྒྱལ་དུ་བསྐྱེལ་བའི་ སྟེང་དུ་བཾ་ལས་གྲི་གུག་བཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རྗེ་བཙུན་མ་ནག་མོ་ཞལ་གཅིག་ མ༑ ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་སྒྲུབ་ཐབས་ལྟར་ལྷར་བསྐྱེད་ [071B] བླ་མ་དང་སློབ་མ་མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཨུ་རྒྱན་ལ་ སོགས་པ་ནས་རྗེ་བཙུན་མའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱིས་བསྐོར་བ་སྤྱན་ དྲངས་ཏེ། མཚོ་ལ་ཁ་བ་བབ་པ་བཞིན་ཁྱེ་རང་གི་ལུས་ལ་ཐིམ་པའི་མོས་པ་མཛོད། སྔགས་དང་རོལ་མོ་བྱ། ཛཿ་ཧཱུཾ་བཾ་ ཧོཿ་ཞེས་བརྗོད། དེ་ནས་རྡོ་རྗེས་སྤྱན་དར་ཕྱེ་ལ། རྣལ་འབྱོར་མ་ནི་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་པཥྱ་ཧོཞེས་པས་བླ་མ་རང་གི་རྩ་འཁོར་གྱི་ལྷ་རྣམས་མངོན་རྟོཊ་ [072A]༄༅། །ལྟར་བརྡ་སྤྲོད་དེ། དེ་ལྟ་བུའི་རྩ་འཁོར་གྱི་ལྷ་ཐམས་ཅད་མངོན་སུམ་དུ་མཐོང་བའི་མོས་ པ་བྱེད་དུ་བཅུག་དབང་དངོས་གཞི་ལ་བུམ་དབང་གི་ཡོན་དུ་མཎྜལ་ཕུལ་ལ། གསོལ་བ་གདབ་པ་ནི། ཡེ་ཤེས་ལྔ་བདག་བརྩེ་ཆེན་ པོ༑ ༑ཁྱོད་ཀྱིས་འགྲོ་ལ་མཆོག་བསྩོལ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །རྗེ་བཙུན་ཐར་པ་བླ་མེད་ སྩོལ༑ ༑ལན་གསུམ། ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བའི་ལུས་ཀྱི་དབུས་གཞུང་ཤིང་གི་ཚུལ་དུ་རྩ་དབུ་ མ་ལ་རོ་རྐྱང་གཉིས་ཀྱིས་ལུ་གུ་བརྒྱུད་དུ་འཁྱུད་པའི་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ། ལྟེ་བ་སྤྲུལ་ [072B] མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ། གསང་ གནས་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་པ་ གསལ་ཐོབ། དེ་ནས་བླ་མ་རྗེ་བཙུན་མར་གསལ་བའི་སྙིང་ཁའི་ཆོས་ཀྱི་འཁོར་ལོར་བཞུགས་པའི་རྗེ་བཙུན་མ་ སྔོན་མོ་གཙོ་འཁོར་དགུ་ལས། རང་འདྲ་གཉིས་པ་རེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་བ་སློབ་ མའི་སྙིང་ཁའི་རྩ་འདབ་རྣམས་སུ་བྱོན་པས་ཞེ་སྡང་དག་རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་ [073A]༄༅། །བུའི་ཡེ་ཤེས་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་དེ་བཞིན་དུ་བླ་མ་རྗེ་བཙུན་མའི་ ལྟེ་བ་སྤྲུལ་པའི་འཁོར་ལོར་བཞུགས་པའི་རྗེ་བཙུན་མ་སེར་མོ་གཙོ་འཁོར་རེ་ལྔ་ལས། རང་འདྲ་སོགས་སྔར་ལྟར་ལ་ ལྟེ་བའི་རྩ་འདབ་རྣམས་སུ་བྱོན་པས་ང་རྒྱལ་དང་སེར་སྣ་དག་ཚོར་བའི་ཕུང་པོ་གནས་འགྱུར། མཉམ་ཉིད་ཡེ་ ཤེས་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་བླ་མའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་བཞུགས་པའི་རྗེ་བཙུན་ མ་དམར་མོ་གཙོ་འཁོར་བཅུ་བདུན་ལས། རང་འདྲ་སོགས་གོང་ལྟར། མགྲིན་པའི་རྩ་འདབ་རྣམས་སུ་བྱོན་པས་ [073B]འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པའི་རྟེན་འབྲེལ་ འགྲིག་བླ་མའི་གསང་གནས་བདེ་སྐྱོང་གི་འཁོར་ལོར་བཞུགས་པའི་རྗེ་བཙུན་མ་ལྗང་གུ་གཙོ་འཁོར་སོ་གསུམ་ལས་ རང་འདྲ་སོགས་འདྲ། གསང་གནས་ཀྱི་རྩ་འདབ་རྣམས་སུ་བྱོན་པས་ཕྲག་དོག་དག་འདུ་བྱེད་ཀྱི་ཕུང་པོ་གནས་ འགྱུར༑ བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་བླ་མའི་སྤྱི་བོའི་བདེ་ཆེན་གྱི་འཁོར་ལོ་ བཞུགས་པའི་རྗེ་བཙུན་མ་དཀར་མོ་གཙོ་འཁོར་སོ་གསུམ་ལས། རང་འདྲ་སོགས། སྤྱི་བོའི་རྩ་འདབ་རྣམས་ [074A]༄༅། །སུ་བྱོན་པས་གཏི་མུག་དག་གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་ཀྱི་དབྱིངས་ཀྱི་ ཡེ་ཤེས་མངོན་བུ་བྱེད་པའི་རྟེན་འབྲེལ་འགྲིག་དེ་ལྟར་བླ་མའི་ལུས་ཀྱི་རྩ་འཁོར་རྣམས་ལས་ལྷག་པའི་ལྷ་རེ་རེ་བྱོན་ པ་ནི་དབུས་ཀྱི་གཙོ་མོ་ཡིན་པར་ཤེས་པར་བྱའོ། །དེ་རྣམས་སོ་སོའི་དག་བྱ་དག་བྱེད་དེ་རིག་པའི་དབང་ངོ། དེ་ ལྟར་སློབ་མའི་རྩ་ཁམས་རྣམས་སུ་བྱོན་པའི་ལྷ་རྣམས་རྩ་འཁོར་གྱི་དབུས་དང་རྩ་འདབ་རྣམས་སུ་སོ་སོར་བཞུགས་ པས་གཏི་མུག་དག་འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་བཞག་ཡང་བླ་མའི་རྩ་འཁོར་ལྔའི་ལྷ་རྣམས་ [074B] སློབ་མའི་རྩ་འཁོར་རྣམས་སུ་བྱོན་ཏེ། རྩ་ཐམས་ཅད་གསལ་བར་བྱེད་པས་ཞེ་སྡང་དག་ འབྲས་བུ་ལོངས་སྐུ་མངོན་དུ་བྱེད་པའི་ས་བོན་བཞག་ཡང་བླ་མའི་རྩ་འཁོར་ལྔའི་ལྷ་རྣམས་ལས་བདུད་རྩི་བྱུང་ སློབ་མའི་རྩ་འཁོར་རྣམས་སུ་བྱོན་ཏེ། རྩ་ཐམས་ཅད་ཁེངས་པས་འདོད་ཆགས་དག་འབྲས་བུ་སྤྲུལ་སྐུ་མངོན་ དུ་བྱེད་པའི་ས་བོན་བཞག་གོ་དེ་རྣམས་སྤྱིའི་དག་བྱ་དག་བྱེད་དེ་སློབ་དཔོན་གྱི་དབང་ངོ། དེ་ལྟར་བླ་མའི་ལུས་ཀྱི་ དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག་ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་ [075A]༄༅། །འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་པའོ། །ཡང་གསང་དབང་ གི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་ནི། ཟུང་འཇུག་བདེ་བ་ཆེན་པོའི་སྐུ། །རྗེ་བཙུན་གཞན་ཕྱིར་མངོན་ གྱུར་པ། །བརྩེ་བས་འགྲོ་ལ་ཕན་དོན་དུ། །རྗེ་བཙུན་བདག་ལ་བསྩལ་དུ་གསོལ། །ལན་གསུམ། གདོང་གཡོགས་བཅིང༑ བླ་མ་སྐད་ཅིག་གིས་བདེ་མཆོག་དཔའ་བོ་གཅིག་པར་གྱུར་པ་དང། ཡུམ་རྗེ་བཙུན་མ་སྙོམས་པར་ བཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། བླ་མ་ཡབ་ [075B] ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ། སྦྱོར་མཚམས་ནས་བྱང་སེམས་དཀར་ དམར་གྱི་རྒྱུན་སློབ་མའི་ལྕེ་སྟེང་དུ་བྱོན་པ་མྱོང་བས་ལུས་ཐམས་ཅད་བདེ་བས་ཁྱབ་པར་བསམ་ལ་ནང་མཆོད་སྦྱིན་ སློབ་མས། ཨ་ཧོ་མ་ཧཱ་སུ་ཁ། མིག་དར་བསལ། ཡང་བླ་མའི་ཐུགས་ཀ་ནས་སྔགས་ཕྲེང་སྔོན་པོ་དང། ལྟེ་ བ་ནས་སེར་པོ། སྤྱི་བོ་ནས་དཀར་པོ། མགྲིན་པ་ནས་དམར་པོ། གསང་གནས་ནས་སྔགས་ཕྲེང་ལྗང་གུ་རྣམས་ རིམ་པ་བཞིན་བླ་མའི་ཞལ་ནས་ཐོན། སློབ་མའི་མགྲིན་པའི་གནས་སུ་ཐིམ་པར་བསམ་སྟེ་སྔགས་རྗེས་ཟློས་ལན་ལྔ་བྱའོ། ། [076A]༄༅། །དེ་ལྟར་བླ་མའི་ཡུམ་གྱི་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་ པ་དག་ལམ་རང་བྱིན་རླབས་བསྒོམ་པ་ལ་དབང། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་རྟེན་ འབྲེལ་འགྲིག་གོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་ནི། སྐུ་གསུམ་ལྷུན་གྲུབ་བདེ་ ཆེན་པོ། །ཐུགས་རྗེས་འགྲོ་རྣམས་བསྐྱབ་པའི་ཕྱིར། །བདེ་ཆེན་སྐུ་ཉིད་མངོན་མཛད་པ། །མངའ་བདག་ བདག་ལ་དེ་ལྟར་སྩོལ། །ལན་གསུམ། གདོང་གཡོགས་ཅིང། སློབ་མ་སྐད་ཅིག་གིས་བདེ་མཆོག་དཔའ་བོ་གཅིག་ [076B] བླ་མས་རྗེ་བཙུན་མ་གཏད་བྱུང་བར་བསམ་སྟེ། ཐར་པ་མཆོག་སྟེར་ལྷ་མོ་ནི། །བདེ་ཆེན་རྒྱལ་ བ་ཀུན་གྱི་ཡུམ། །བདེ་བ་ཐམས་ཅད་འབྱུང་གནས་འདི། །བུ་ཡིས་མཆོད་བསྟེན་མངོན་དུ་གྱིས། །དེ་ནས་སློབ་ མའི་ལག་པ་གཡས་སུ་གྲི་གུག་གཡོན་དུ་ཐོད་པ་བདུད་རྩིས་བཀང་བ། གྲུ་མོར་ཁ་ཊྲཾ་ག་གཏད་པ། དེ་དང་དབྱེར་མེད་ པའི་ཚུལ་དུ་རྗེ་བཙུན་མ་དེས་ཁྱེད་རང་གི་པང་དུ་བྱོན་པར་བསམ་ནས། མཁའ་གསང་བྱིན་གྱིས་རླབས་པ་ནི། ཡུམ་ གྱི་མཁའ་ཨཱ་ལས་པདྨ་དམར་པོ་འདབ་མ་ལྔ་པ་ཟེའུ་འབྲུ་ལས་ཨཱས་མཚན་པ། ཡབ་ཀྱི་གསང་གནས་ཧཱུཾ་ལས་ [077A]༄༅། །རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པར་བསམ་ལ། སྙོམས་པར་བཞུགས་ པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡབ་ཡུམ་དཔའ་བོ་དཔའ་མོ་དཔག་ཏུ་ མེད་པ་སྤྱན་དྲངས། སློབ་མ་ཡི་དམ་ཡབ་ཡུམ་དུ་གསལ་བའི་སྤྱི་བོ་ནས་ཞུགས། ཐུགས་ཀར་ཞུ་བས་ལུས་ ཐམས་ཅད་ཐིག་ལེས་གང། ཐིག་ལེ་ཐམས་ཅད་བདེ་བའི་རང་བཞིན་དུ་གྱུར་པས་དགའ་བ་དང། མཆོག་དགའ་ དང༑ དགའ་བྲལ་གྱི་དགའ་བ་དང། ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུད་ལ་སྐྱེས་པར་བསམ། ངོ་སྤྲོད་པ་ནི། དགའ་བཞིའི་ [077B] ཡུམ་ཁྱེད་ལ་ གཏད་པས་དགའ་བཞིའི་བདེ་སྟོང་ཟུང་འཇུག་གི་ཡོན་ཏན་ཐམས་ཅད་འཕེལ་བ་དང། གྲི་གུག་དང་ཐོད་པ་བདུད་རྩི་གང་ བ་བྱིན་པས་ཟུང་འཇུག་གི་ཡོན་ཏན་ཐམས་ཅད་ཐོབ་པར་ཤེས་པར་ཀྱིས་ལ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་ གནང་བ་སྦྱིན་ནོ། །མིག་དར་བསལ། དེ་ལྟར་བླ་མའི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག་ལམ་དཀྱིལ་འཁོར་འཁོར་ལོ་སྒོམ་པ་ལ་དབང། འབྲས་བུ་ཆོས་ [078A]༄༅། །ཀྱི་སྐུ་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་གོ་དབང་བཞི་པའི་དོན་དུ་མཎྜལ་ཕུལ་ གསོལ་བ་གདབ་པ་ནི། གཉིས་མེད་ཡེ་ཤེས་མཆོག་ཆེན་པོ། །ཕྱག་རྒྱ་ཆེན་པོ་བདེ་ཆེན་མ། །ཡང་དག་ཇི་བཞིན་ ཐུགས་སུ་ཆུད། །བཅོམ་ལྡན་བདག་ལ་ཐར་མཆོག་སྩོལ། །ལན་གསུམ། དེ་ནས་བླ་མའི་ལུས་ཀྱི་ལྷ་རྣམས་ལས་ རང་འདྲ་རེ་མར་མེ་གཅིག་ལས་གཉིས་ཆད་པ་ལྟར་བྱུང་སྟེ། སློབ་མའི་རྩ་འཁོར་རྣམས་ལ་བྱོན་ནས་རིམ་པ་བཞིན་ དུ་བཞུགས་པར་བསམ། དེ་ནས་སློབ་མའི་འཁོར་ལོ་ལྔའི་ལྷ་རྣམས་ཐུགས་ཀའི་ལྷ་རྣམས་ལ་ཐིམ། དེ་རྣམས་དབུས་ [078B] གཙོ་མོ་ཡང་ཐུགས་ཀའི་བཾ་ལ་ཐིམ། དེ་ཡང་རིམ་གྱིས་མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་ད་ལ་ ཐིམ༑ དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་བསམ་ལ་མཉམ་པར་བཞག་གོ། །དེ་ནས་དངོས་གཞི་ངོ་སྤྲོད་ པ་ནི། མཆོག་ཆེན་ཟབ་ཞིའི་ཡེ་ཤེས་འདི། །ཆོས་ཀུན་རང་བཞིན་རྒྱལ་བའི་ཐུགས། རྣམ་ཀུན་ཐ་སྙད་ཡུལ་ ལས་འདས། །མཁའ་ལྟར་མཐའ་དང་བྲལ་བའོ། །ཞེས་ངོ་སྤྲོད་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་ བསམ་མོ། །དེ་ལྟར་བླ་མའི་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ [079A]༄༅། །ཡིད་གསུམ་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག་ལམ་རྡོ་རྗེ་རྦ་རླབས་ སྒོམ་པ་ལ་དབང། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པའི་རྟེན་འབྲེལ་འགྲིག་གོ། །དེ་ནས་མཐའ་རྟེན་ལ་གསོལ་བ་ གདབ་པ་ནི། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། བླ་མས་ སིནྡྷུ་རའི་མཎྜལ་ཐོགས་ཏེ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །དུས་འདི་ ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ལྷག་པའི་ལྷ་ནི་མཛད་དུ་གསོལ། །རྐྱེན་ངན་བར་ཆད་ [079B] །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་མཎྜལ་གྱི་ལྷ་ སློབ་མ་ལ་ཐིམ་པས་ཁྱེད་རང་ལུས་ངག་ཡིད་གསུམ་རྗེ་བཙུན་མའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར་པར་ བསམ༑ དེ་ནས་བླ་མས་དཀྱིལ་འཁོར་དང་ཨ་ལི་ཀཱ་ལི་རྣམས་ལ་སྲིན་ལགས་གིས་རེག་ནས་སློབ་མའི་དཔྲལ་བར་ཐིག་ལེ་བྱ། དེས་ རྗེ་བཙུན་མའི་སྐུའི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པར་བསམ། ཡང་ཆོས་འབྱུང་དང་སྙིང་པོ་ལ་རེག་ནས་མགྲིན་པར་ ཐིག་ལེ་བྱ། དེས་རྗེ་བཙུན་མའི་གསུང་གི་ཡོན་ཏན་ཐམས་ཅད་མངོན་དུ་བྱས་པར་བསམ། ཡང་གྲི་གུག་དང་ [080A]༄༅། །བཾ་ལ་རེག་ནས་སྙིང་ཁར་ཐིག་ལེ་བྱ། དེས་རྗེ་བཙུན་མའི་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ མངོན་དུ་བྱས་པར་བསམ་མོ། །གཏང་རག་གི་མཎྜལ་ཕུལ། མཇུག་ཆོག་གསང་སྒྲུབ་དང་འདྲའོ།། །།གསུཾ་ པ་ཚེ་ལྷ་བདེ་མཆོག་དཀར་པོ་ནི། སྐྱབས་སེམས་འཇམ་དབྱངས་དཔའ་གཅིག་དང་འདྲ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་ པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་དཀར་པོ་དང། ཧྲཱི་དམར་པོ་ལས་འོད་འཕྲོས། འཕགས་པ་མཆོད་ སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་འཁོར་ལོ་བདེ་མཆོག་སྐུ་ [080B] དེའི་ པང་དུ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཐོད་པ་བདུད་རྩིས་གང་བ་འཛིན་པས་ ཡབ་ལ་འཁྱུད་པ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང། ཡུམ་པདྨའི་སྐྱིལ་གིས་བཞུགས་པ། གཉིས་ ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེ་གཉིས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཐུཊ་ ཀར་ཧཱུཾ། ཧཱུཾ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་དམ་ཚིག་པ་དང་གཉིས་སུ་ [081A]༄༅། །མེད་པར་གྱུར། སླར་ཡང་ཧཱུཾ་ལས་འོད་འཕྲོས། རྒྱལ་བ་རིགས་ལྔ་འཁོར་བཅས་སྤྱན་ དྲངས༑ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པས་ བདག་ལ་དབང་བསྐུར་དུ་གསོལ། ལན་གསུམ། ཞེས་གསོལ་བ་བཏབ་པས་རིགས་ལྔས་བུམ་པའི་ཆུས་སྤྱི་བོ་ནས་དབང་ བསྐུར་བས་ཆུ་རྒྱུན་དེས་ལུས་ཐམས་ཅད་གང། དྲི་མ་ཐམས་ཅད་དག་ཆུ་ལྷག་མ་ཡར་ལུད་པ་ལས་འོད་ དཔག་མེད་ཀྱིས་དབུ་བརྒྱན། དབང་ལྷ་རང་ལ་ཐིམ་པར་གྱུར། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་ [081B] དེའི་ནང་གི་དབུས་སུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བའི་ནང་དུ་རང་གིའམ་བསྒྲུབ་བྱའི་སེམས་ ཉིད་ཧཱུཾ་དཀར་པོའི་སྟེང་དུ་བླ་མ་དང་དབྱེར་མེད་ཀྱི་ཡི་དམ་ཡབ་ཡུམ་བཞུགས་པའི་ཐུགས་ཀ་ནས་འོད་འཕྲོས། འཁོར་ འདས་ཀྱི་ཚེ་བཅུད་བཀྲག་མདངས་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པ་དང་ཐོད་པ་གང་བ། དེ་ ལས་བདུད་རྩིའི་རྒྱུན་བབས་ཏེ་ཧཱུཾ་ལ་ཐིམ་ཞིང་ཁྲུས་པས་ནད་གདོན་བར་ཆད་ཐམས་ཅད་ཞི་ནས་ཚེའི་དངོས་གྲུབ་ཐོབ་ པར་བསམ་ལ། ཧཱུཾ་གིས་མཐའ་སྐུར་དུ། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཚེ་ལ་སྲུངས་ཤིག་སཱ་ཧཱ། ཞེས་དམིགས་ནས་ཅི་ནུས་བཟླ། འཇམ་དབྱངས་ [082A]༄༅། །ཆོས་སྐོར་ནང་གི་སྔགས་ལ་སཱ་ཧཱ་མ་བྱུང། རྒྱལ་བ་དགེ་འདུན་རྒྱ་མཚོའི་སྒྲུབ་ཐབས་ལ་སཱ་ཧཱ་བྱུང་ངོ། །ནང་གི་ མཆོད་གཏོར་རྣམས་གསང་སྒྲུབ་ལྟར་བྱིན་གྱིས་རླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དཔལ་འཁོར་ལོ་བདེ་མཆོག་ ཡབ་ཡུམ་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་གསོལ་བར་གྱུར། ཨོཾ་ཤྲཱི་ ཙཀྲ་སམྦྷ་ར་སརྦ་བུདྡྷ་བོ་དཧི་སཏ་ཨོཾ་ཨཱ་ཧཱུཾ། ཞེས་ནང་མཆོད་ཕུལ། འབྲུ་གསུམ་གྱི་ཚབ་ཏུ། ཨི་དཾ་བ་ལིཾ་སོགས་བཏགས་པས་གཏོར་ མ་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། རང་དོན་སྒྲིབ་པ་གཉིས་ཀྱི་གཡུལ་འཇོམས་ཤིང། །གཞན་དོན་འགྲོ་ཀུན་སྐྱོབ་པའི་ [082B] །ཆོས་སྐུའི་ངང་ལས་བཞིན་ལག་སྤྲུལ་པའི་གཟུགས། །འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་ཕྱག་ འཚལ༑ ༑བདེ་སྟོང་ཟུང་འཇུག་ཉམས་ཀྱིས་འཇོ་སྒེག་སྐུ། །འཇིག་རྟེན་མཁྱེན་པས་ཁ་ལོ་བསྒྱུར་བའི་གསུང། ། བརྩེ་བའི་ཐུགས་ཀྱིས་འགྲོ་ཀུན་དོན་སྒྲུབ་ཕྱིར། །པད་ཉིའི་གདན་ལ་གཡོ་མེད་བཞུགས་ལ་འདུད། །འཁོར་ བ་མ་སྟོང་བར་དུ་འགྲོ་བ་ཀུན། །ལྷན་སྐྱེས་བདེ་བ་མཆོག་ཏུ་སྡོམ་མཛད་ཅིང། །ཕྱག་གཉིས་བུམ་པ་ བཟང་པོ་ལེགས་བཏེགས་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་ལྟེར་ལ་འདུད། །རང་དང་གཉིས་མེད་གཉིས་སུ་ [083A]༄༅། །སྣང་བ་ཡི། །མི་ཕྱེད་མཛའ་བའི་རྒྱལ་ཡུམ་རྣལ་འབྱོར་མ། །ཕྱག་གཉིས་འགྲོ་ བ་ཀུན་ལ་བདེ་སྟེར་བའི། །ཐོད་པ་བདུད་རྩིས་གང་བ་འཛིན་ལ་འདུད། །ཐུགས་རྗེའི་བྱིན་མཐུན་སྡིག་སྒྲིབ་ནད་ གདོན་སེལ། །ཚེ་དཔལ་བསོད་ནམས་སོགས་ཀྱི་དངོས་གྲུབ་སྩོལ། །དགེ་བས་འགྲོ་བ་མ་ལུས་རྟེན་བཟང་པོས།། ཟབ་རྒྱས་དམ་པའི་ཆོས་ལ་ལོངས་སྤྱོད་ཤོག་ཅེས་བསྟོད། ནང་མཆོད་དང་ནང་གཏོར་ཆག་མེད་དབུལ། ཡི་གེ་བརྒྱ་པ་ བཟོད་གསོལ། བཀྲ་ཤིས་ཀྱི་ཚིགས་བཅད་དང། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་དཀར་ [083B] །སྣ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། །ཧེ་རུ་ཀ་དཔལ་ དེ་དང་ལྷན་ཅིག་གར་བྱེད་ཤོག་ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང། །དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་ མ་སྟེ། །བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས། །བདག་ལ་རྗེས་སུ་འཛིན་པར་རྒྱུར་གྱུར་ཅིག་སེམས་ ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀ་གོ་འཕང་མཆོག་ ལ་འགོད་པར་ཤོག་ལྷ་རྣམས་རང་ལ་ཐིམ་པར་གྱུར། །གཞན་དོན་དུ་བྱེད་ན་པདྨ་འདབ་བརྒྱད་ཀྱི་སྟེང་བུམ་པ་བཅུད་ལྡན་འགུལ་ཆིངས་ཁ་ [084A]༄༅། །རྒྱན་ལ་གཟུངས་རྡོར་གཟུངས་ཐག་དང་བཅས་བཞག་ཏེ། བསང་སྦྱངས། སྟོང་པའི་ངང་ལས་ཕྱི་རིན་པོ་ ཆེའི་བུམ་པ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་པད་ཉིའི་སྟེང་དུ་ཧཱུཾ་དཀར་པོ་དང་སོགས་ནས་ དབང་ལྷ་དེ་ཉིད་ལ་ཐིམ་པར་གྱུར། དབང་བདག་བསྐྱེད་ལྟར་ལ་ཁྱད་པར་ཕྲ་མོ་ཡོད་པ་ཤེས་སླ། བུམ་པའི་མཐའ་ལ་མཆོད་པས་ བསྐོར་བ་རང་ཡི་དམ་དུ་གསལ་བའི་ངང་ནས་བྱིན་གྱིས་རླབས་ཏེ། བུམ་པའི་ལྷ་ལ་མཆོད་བསྟོད་བྱ། གཟུངས་རྡོར་གཟུངས་ཐག་རིགས་ ལྔའི་རང་བཞིན་དུ་མོས་ལ་གཟུངས་ཐག་ལག་ཏུ་བཟུང། རང་གི་ཐུགས་ཀ་ནས་འོད་འཕྲོས། གཟུངས་ཐག་ལ་འཁྲིལ་ནས་ལྷའི་ [084B] ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཁོར་ འདས་ཀྱི་བཅུད་དང་ཡོན་ཏན་ཐམས་ཅད་བསྡུས་ནས་ལྷ་དང་བུམ་ཆུ་ལ་ཐིམ་པར་མོས་ནས་བཟླས་པ་བྱ། མཐར་མཆོད་བསྟོད་གོང་ ལྟར་རོ། །ཐུན་ཕྱི་མ་རྣམས་ལ། ཕྱི་རིན་པོ་ཆེའི་བུམ་པ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་པད་ཉིའི་ སྟེང་དུ་དཔལ་འཁོར་ལོ་བདེ་མཆོག་སོགས་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བསྐྱེད་ལ། གཞན་གོང་ལྟར་ལ། དེ་ལྟར་ཐུན་བཞི་ལ་སོགས་པ་ ཆག་མེད་བྱས་ནས་བཟང་རྟགས་བྱུང་བ་དང་བུམ་པའི་ལྷ་ལ་མཆོད་བསྟོད་བྱ། ལྷ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་ཆུར་དམིགས་ [085A]༄༅། །ཏེ༑ རང་གིས་བཏུང། བསྒྲུབ་བྱ་ལ་སྦྱིན། འདིའི་དབང་བྱེད་ན་པདྨ་འདབ་བརྒྱད་ཀྱི་སྟེང་མཉྫིའི་ཁར་ འབྲང་རྒྱས་ནོར་བུའི་གཟུགས་དཀར་གསུམ་མངར་གསུམ་སྦུས་པའི་ཟན་ལས་བྱས་པ་ལ་སྦྲང་ངམ་བུ་རམ་དང་མར་ཁུ་ལ་ཟན་གྱི་རིལ་བུ་མང་པོ་བསྣོལ་ནས་ གཟུགས༑ གཡས་སུ་བུམ་པ་བཅུད་ལྡན། གཡོན་དུ་ཀ་པཱ་ལ་བདུད་རྩིས་བཀང་བ་བཞག་མཐར་མཆོད་པ་ཅི་འབྱོར་པས་བསྐོར། བདག་བསྐྱེད་ སོང་ནས། འབྲང་རྒྱས་ལ་སོགས་གསུམ་བསང་སྦྱངས། འབྲང་རྒྱས་ཡི་དམ་ཡབ་ཡུམ་དུ་བསྐྱེད། བུམ་པ་ཀ་པཱ་ལ་གཞལ་ཡས་ཁང་དུ་ བསྒོམ་ནས། བུམ་པའི་ནང་དུ་བདེ་མཆོག་ཀ་པ་ལའི་ནང་དུ་རྗེ་བཙུན་མ་བསྐྱེད། དེ་ནས། རིགས་བདག་གིས་རྒྱས་འདེབས་པའི་བར་མངོན་ [085B] མཆོད་བསྟོད་བྱ། དེ་ནས། ལྷ་དེ་རྣམས་ཀྱི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་ བཅུར་འཕྲོས་པས་འཁོར་འདས་ཀྱི་བཅུད་དང་ཡོན་ཏན་ཐམས་ཅད་མཚན་བཟང་པོ་སོ་གཉིས་དཔེ་བྱེད་བཟང་པོ་ བརྒྱད་ཅུ་འོད་ཟེར་ཁ་དོག་སྣ་ལྔ། བདུད་རྩི་ཁ་དོག་སྣ་ལྔ། རིན་པོ་ཆེའི་སྣ་ལྔའི་རྣམ་པར་བཀུག་ནས་འབྲང་ རྒྱས་སོགས་གསུམ་ལ་ཐིམ། མགྲིན་པའི་ཨཱ་དམར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་ འཁོར་འདས་ཀྱི་བཅུད་དང་ཡོན་ཏན་ཐམས་ཅད་འབྲུ་གསུམ། ཨ་ལི་ཀ་ལི། བདུད་རྩིའི་རྣམ་པར་བཀུག་ནས་ [086A]༄༅། །འབྲང་རྒྱས་སོགས་གསུམ་ལ་ཐིམ། ཐུགས་ཀའི་ཧཱུཾ་སྔོན་པོ་ལས་འོད་ཟེར་དཔག་ཏུ་མེད་ པ་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱི་བཅུད་དང་ཡོན་ཏན་ཐམས་ཅད་བུམ་ཆུ། ཐོད་པ་བདུད་རྩིས་གང་བ། རྡོ་ རྗེ་དྲིལ་བུ་སོགས་ཕྱག་མཚན། འོད་ཟེར་དང། བཀྲ་ཤིས་རྫས་བརྒྱད། རྒྱལ་སྲིད་སྣ་བདུན་གྱི་རྣམ་པར་བཀུག་ ནས་འབྲང་རྒྱས་སོགས་གསུམ་ལ་ཐིམ། ཡང་ཧཱུཾ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ རྒྱུད་བསྐུལ། དེ་རྣམས་ལས་འཆི་བ་མེད་པའི་ཚེའི་དངོས་གྲུབ་བུམ་པ་དམར་པོ་བདུད་རྩིས་གང་བ་ཕྱོགས་བཞི་ [086B] འབྲང་རྒྱས་སོགས་གསུམ་ལ་ཐིམ་པར་བསམ་ ལ༑ བསྙེན་པ་སྟོང་སོགས་ཅི་ནུས་བཟླ། མཆོད་བསྟོད་བྱ་སྟེ་སློབ་མའི་དོན་དུ་གསོལ་བ་གདབ། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ ཤེས་སོགས་ཀྱིས་གསོལ་བ་གདབ། བྱང་སྡོམ་དང་སྔགས་སྡོམ་ཐང། སློབ་མ་ཡི་དམ་ཡབ་ཡུམ་དུ་བསྐྱེད། འབྲུ་གསུམ་བཀོད། བླ་མའི་ ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ་བས་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་ འཕྲོས༑ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀ་ནས་ཡི་དམ་ཡབ་ཡུམ་ནམ་མཁའ་གང་བ་སྤྱན་དྲངས་ཏེ་ [087A]༄༅། །སློབ་མའི་ལུས་ལ་ཐིམ་པར་མོས་ལ། སྔགས་དང་རོལ་མོ་བྱ། དེ་ནས་ཏིང་ངེ་འཛིན་གྱི་དབང་ཞུ་བའི་ དོན་དུ་གསོལ་བ་གདབ་པ་ནི། དུས་གསུམ་རྒྱལ་བ་ཐམས་ཅད་དང། །སྐུ་གསུམ་ཡེ་ཤེས་དབྱེར་མེད་པ། །བཅོམ་ལྡན་ འཁོར་ལོ་བདེ་མཆོག་གི་དབང་བསྐུར་དམ་པ་སྩལ་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་ བསྐྱེད་ཀྱི་བླ་མ་ཡི་དམ་དབྱེར་མེད་པའི་བདེ་མཆོག་ཡབ་ཡུམ་གྱི་སྐུ་ལས་སྐུ་གཉིས་པ་བྱུང་ནས་སློབ་མའི་སྤྱི་བོར་བྱོན་ ཏེ༑ སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་བྱུང་བ་སྤྱི་བོ་ནས་ཞུགས་པས་སྨིན་མཚམས་ [087B] ལུས་ཀྱི་དྲི་མ་དག་བུམ་དབང་ཐོབ། ཡང་སྙོམས་པར་ཞུགས་པའི་བྱང་སེམས་ལྕེའི་སྟེང་དུ་བྱོན་ པས་མགྲིན་པའི་གནས་ཐམས་ཅད་གང་བར་བསམ། ནང་མཆོད་སྦྱིན། བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ ཕྲེང་གཉིས་པ་བྱུང། ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས་སྙིང་ཁར་འཁོད་པར་མོས་ལ། སྔགས་རྗེས་ཟློས་ལན་གསུམ་ དེས་ངག་གི་དྲི་མ་དག་གསང་དབང་ཐོབ། ཡང་ཁྱེད་རང་གི་སྤྱི་བོའི་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་ པའི་སྦྱོར་མཚོམས་ནས་བྱང་སེམས་ཀྱི་རྒྱུན་བྱུང། སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང། ཡིད་ཀྱི་དྲི་ [088A]༄༅། །མ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་ཁྱེད་རང་གི་སྨིན་མཚམས་ཀྱི་ཐད་ ཀར་ཧཱུཾ་དཀར་པོ་ཅིག་བསམ། དེ་ཞབས་ཀྱུ་ནས་རིམ་གྱིས་ནཱ་དའི་བར་དུ་ཐིམ། ནཱ་དའང་ཇེ་ཆུང་དུ་སོང་བ་འཇའ་ ཡལ་བ་བཞིན་དུ་བསམ་ནས་སྟོང་ཉིད་ལ་མཉམ་པར་བཞག་གོ་དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་ བཅས་པ་དག་དབང་བཞི་པ་ཐོབ། དེ་ནས་འབྲང་རྒྱས་ཐོགས་ཏེ། འབྲང་རྒྱས་བདེ་མཆོག་ཡབ་ཡུམ་དུ་གསལ་བ་སློབ་ མའི་དབུ་ཐོག་ཏུ་འཇོག་པས་ཡི་དམ་ཡབ་ཡུམ་ཐུན་མོང་དུ་ཚེའི་དངོས་གྲུབ་གནང་བ་ལ་བརྟེན་ནས་སྐྱེ་འཆི་མེད་པ་རྡོ་ [088B] ཨོཾ་འཆི་མེད་ཚེ་ཡི་དབང་བསྐུར་བས། །འཆི་བདག་བདུད་ཀྱི་སྟོབས་ འཇོམས་ནས། །འཆི་མེད་ཚེ་དང་དཔལ་རྒྱས་ཏེ། །རིག་འཛིན་ཚེ་དབང་ཐོབ་པར་ཤོག་ཅེས་པས་འབྲང་རྒྱས་མགོར་བཞག་ ཏེ་རིལ་བུ་བྱིན། བུམ་པ་ཐོགས་ཏེ། བུམ་པའི་ལྷ་འོད་དུ་ཞུ་ནས་འཆི་བ་མེད་པའི་ཚེའི་དངོས་གྲུབ་ཏུ་གྱུར་པ་སློབ་མ་ལ་བྱིན་ པས་ཡབ་བདེ་མཆོག་ནས་ཚེའི་དངོས་གྲུབ་གནང་བ་ལ་བརྟེན་ནས། སྐྱེ་འཆི་མེད་པ་རྡོ་རྗེའི་ས་བརྙེས་པའི་མོས་པ་ མཛོད༑ ཨོཾ་འཆི་མེད་ཚེ་ཡི་སོགས་ཀྱིས་ལག་པ་གཡས་སུ་བུམ་ཆུ་བྱིན། ཀ་པཱ་ལ་ཐོགས་ཏེ། ཀ་པཱ་ལའི་ལྷ་འོད་དུ་ཞུ་ནས་ [089A]༄༅། །འཆི་བ་མེད་པའི་ཚེའི་དངོས་གྲུབ་ཏུ་གྱུར་བ་སློབ་མ་ལ་བྱིན་པས་ཡུམ་རྡོ་རྗེ་རྣལ་འབྱོར་ མ་ནས་ཚེའི་དངོས་གྲུབ་གནང་བ་ལ་བརྟེན་ནས། སོགས་ཚིགས་བཅད་དང་བཅས་སྔར་བཞིན་ཏེ། ལག་པ་གཡོན་དུ་བདུད་རྩི་བྱིན་ དེ་ནས་གསོལ་བ་གདབ་པ་ནི། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། ། ལན་གསུམ། སློབ་མའི་སྤྱི་བོར་བཞུགས་པའི་བླ་མ་ཡི་དམ་ཁྱེད་སོ་སོ་ལ་ཐིམ་པས་ཡི་དམ་གྱི་སྐུ་གསུང་ཐུགས་དང་ སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ། འབྲང་རྒྱས་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདི་ལ་ [089B] །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ལན་གསུམ་བརྗོད་དེ། འབྲང་རྒྱས་ཡི་དམ་དུ་བསྐྱེད་པ་ འོང་དུ་ཞུ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ། སློབ་མ་ལ་དངོས་གྲུབ་ཀྱི་ཚུལ་དུ་བྱིན། སློབ་མས་མཎྜལ། མཇུག་ ཆོག་གསང་སྒྲུབ་དང་འདྲའོ།། །།བཞི་པ་ནོར་ལྷ་སྒྲོལ་དཀར་ནི། སྐྱབས་སེམས་འཇམ་དབྱངས་དཔའ་གཅིག་ལྟར་བྱ། སྭ་ བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཏཾ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་ སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་མ་སྒྲོལ་མ་དཀར་མོ་ཞལ་གཅིག་ [090A]༄༅། །ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུ་དང། རྒྱལ་མཚན་འཛིན་པ། དེའི་ཐུགས་ཀར་ ཉི་མའི་གདན་ལ་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཞགས་པ་དམར་པོ་ཐག་པ་ལྟ་བུའི་རྩེ་མོར་ཡིད་བཞིན་ གྱི་ནོར་བུས་མཚན་པ་འཛིན་པ། གཉིས་ཀའང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ངར་དང་རིན་པོ་ཆེའི་ རྒྱན་གྱིས་སྤྲས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས། པོ་ཏ་ལ་ནས་ ཡེ་ཤེས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་གཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས། དབང་གི་ལྷ་རིགས་ལྔ་ [090B] དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པས་བདག་ལ་དབང་བསྐུར་དུ་གསོལ་ ལན་གསུམ་བརྗོད། ཞེས་གསོལ་བ་བཏབ་པས་བུམ་པའི་ཆུས་སྤྱི་བོ་ནས་མར་དབང་བསྐུར། ལུས་ཐམས་ཅད་གང་ དྲི་མ་ཐམས་ཅད་དག་དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་ དབང་ལྷ་རང་ལ་ཐིམ་པར་གྱུར། ཡེ་ཤེས་སེམས་དཔའ་སྒྲོལ་མའི་ཐུགས་ཀར་ཟླ་བའི་གདན་ལ་ཏཾ་དམར་པོ་ལ་ སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པའི་རྣམ་པ་ཅན་དཔག་མེད་འཕྲོས་པས་ [091A]༄༅། །འཁོར་འདས་ཀྱི་བཅུད་དང་ཡོན་ཏན་དགོས་འདོད་ཐམས་ཅད་ནོར་བུ་དང་བུམ་པ་ བཟང་པོ་ལ་སོགས་པའི་རྣམ་པར་བཀུག་ནས་རང་ལ་ཐིམ་པར་བསམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཱ་ཧཱ། ཨོཾ་སརྦ་ ལོ་ཀ་ཨངྐུ་ཤ་ཛཿ་ཛཿ་ཞེས་བཟླ། ཐུན་མཐར་སྣོད་གཙང་མའི་ནང་དུ་གཏོར་མ་དཀར་གསུམ་མངར་གསུམ་དང་ཚོན་སྣ་ལྔས་བརྒྱན་པ་བཤམས་ ལ༑ འཇམ་དབྱངས་དཔའ་གཅིག་ལྟར་བྱིན་གྱིས་རླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྗེ་བཙུན་སྒྲོལ་མ་ ལ་རྒྱལ་བ་སྲས་བཅས་ཀྱི་སྐོར་བ་སྤྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་ [091B] ཨོཾ་ཨཱརྱ་ཏཱ་རེ་སརྦ་བུདྡྷ་བོ་དཧི་སཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་དབུལ། ཨརྒྷཾ་ལ་ སོགས་པས་མཆོད། རྒྱལ་ཀུན་མཁྱེན་བརྩེ་ནུས་མཐུ་འཕྲིན་ལས་ལྷ་མོར་ཤར་བས་འགྲོ་ཀུན་ཐར་པར་དབུགས་འབྱིན་ སྒྲོལ་མཛད་མ། །ཕྱག་གཡས་ནོར་བུ་འཛིན་པས་འདོད་པའི་ནོར་གྱིས་བསྐང་ཞིང་འཕགས་པའི་ནོར་རྒྱུན་མྱུར་དུ་འབེབས་ མཛད་མ། །ཕྱག་གཡོན་རྒྱལ་མཚན་འཛིན་པས་ཉོན་མོངས་བདུད་སོགས་འཇོམས་ཤིང་མི་མཐུན་ཕྱོགས་ལས་ རྒྱལ་མཛད་བའི་ར་མ། །བར་ཆད་སེལ་ཞིང་ནོར་གྱིས་བསྐང་བཞིན་ཡང་དག་ལམ་ལ་འགོད་ཐུགས་རྒྱུན་མཛད་རྗེ་བཙུན་ [092A]༄༅། །མ་ལ་འདུད། །ཁྱེད་ཀྱི་ཆོས་ཀུན་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་སེམས་གཟུགས་ ཤར་འགྲོ་ཀུན་འཁོར་བ་ལས་སྒྲོལ་མ། །ཕྱག་གཉིས་ཞགས་པ་འཛིན་པས་སྒྲུབ་པོར་སྣང་སྲིད་དགོས་འདོད་མ་ལུས་ བསྡུས་ཤིང་དངོས་གྲུབ་མྱུར་སྩོལ་མ། །སྔོན་གྱི་དམ་པའི་ཚིག་གསུངས་བཞིན་དུ་ཐུགས་སེམས་བསྐྱེད་ལས་གཡོ་མེད་ འགྲོ་ཀུན་འཇིགས་ལས་སྐྱོབ་བྱེད་མ། །རྨད་བྱུང་ཐུགས་རྗེས་འགྲོ་ཀུན་གཅིག་ཏུ་གཟིགས་ཤིང་རྒུད་པའི་སྡུག་བསྔལ་ མཐའ་དག་སེལ་མཛད་དཔའ་མོར་འདུད། །འགྲོ་སྐྱབས་སྟོབས་སྒྲུབ་རྟགས་སུ་རབ་མཛེས་དར་གྱི་ན་བཟའ་གསོལ་ཞིང་ [092B] །འགྲོ་ཀུན་སྐྱོབ་བྱེད་ང་ཡིན་སྙམ་པའི་ཡིད་བརྟན་གནས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུཊ་ མ་ལ་འདུད། །ཞེན་བྲལ་དུས་མི་དགོས་པས་འདོད་ལྡན་དུས་འདིར་ལོག་འཚོ་བྲལ་བའི་འབྱོར་པས་རྟག་ཏུ་ཚིམ་མཛད་ ཅིང༑ ༑འཇིག་རྟེན་འཐབ་རྩོད་ནད་དང་མུ་གེ་ཞི་ཞིང་འགྲོ་བ་ཀུན་ལ་ཆོས་དང་ཕན་བདེ་འབྱུང་བར་མཛོད། །གཏོར་ མགྲོན་རྣམས་རང་ལ་ཐིམ་པར་གྱུར། དགེ་བ་བསྔོ། གཏོར་མ་ཐུན་བཞི་ལ་སོགས་པ་མང་དུ་དབུལ་བ་གལ་ཆེ། ཤ་ཆང་སྒོ་ཙོང་ཟས་ གོས་གྲིབ་ཅན་སོགས་སྤང། མཚམས་ལ་འཇུག་པ་དང་དབྱེ་བའང་ཡར་ཚེས་ཀྱི་གཟའ་སྐར་བཟང་པོ་ལ་བྱའོ། །རྟགས་ནི་ཟླ་བ་ཤར་བ་དང་ [093A]༄༅། །འདོད་ཡོན་སྣ་ཚོགས་འབུལ་དུ་བྱུང་བ་ལ་སོགས་པ་རྨི་ལམ་དུ་བྱུང་ངོ། །གཞན་ལ་གསང་བ་གཅེས་སོ། །འདིའི་ དབང་བྱེད་ན་པདྨ་འདབ་བརྒྱད་ཀྱི་སྟེང་དཀར་གསུམ་མངར་གསུམ་སྤྲུས་པའི་འབྲང་རྒྱས་ནོར་བུའི་དབྱིབས་ཅན་ལ་རིལ་བུས་བསྐོར། མདུན་དུ་མཆོད་ གཏོར་བཤམས། བདག་བསྐྱེད་སོང་ནས། འབྲང་རྒྱས་ཡི་དམ་དུ་བསྐྱེད། མཆོད་བསྟོད་བཟླས་པ་གང་འགྲུབ་བྱ། སློབ་མས་མཎྜལ་ཕུལ་ ལ༑ ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཀྱིས་གསོལ་བ་གདབ། བྱང་སྡོམ་བཟུང། སློབ་མ་ལྟར་བསྐྱེད་དེ་འབྲུ་གསུམ་འགོད་ མདུན་གྱི་གཏོར་མའང་ཁྱེད་རང་བསྒོམ་པ་དང་འདྲ་བའི་ཡི་དམ་གྱི་ལྷ་དངོས་ཡིན་སྙམ་པའི་མོས་པ་བྱས་ལ། གསོལ་བ་གདབ་ [093B] དུས་གསུམ་སངས་རྒྱས་ཐམས་ཅད་དང། །སྐུ་གསུམ་ཡེ་ཤེས་དབྱེར་མེད་པ། །འགྲོ་བའི་འདྲེན་མཆོག་རྗེ་ བཙུན་མའི། །རྗེས་གནང་དམ་པ་སྩལ་དུ་གསོལ། །ལན་གསུམ། བླ་མ་དབྱེར་མེད་པའི་མདུན་བསྐྱེད་ཀྱི་རྗེ་བཙུན་ སྒྲོལ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་ནས་ཁྱེད་རང་གི་སྤྱི་བོར་ཐིམ་པས་སྐུའི་རྗེས་གནང་ཐོབ་པར་བསམ་ སྔགས་དང་དྲིལ་བསིལ་བྱ། ཡང་བླ་མ་ཡི་དམ་དབྱེར་མེད་ཀྱི་མགྲིན་པའི་ཨཱ་ལས་འོད་ཟེར་དམར་པོ་བྱུང་ནས་ཁྱེད་རང་ གི་མགྲིན་པར་ཐིམ་པས་གསུང་གི་རྗེས་གནང་ཐོབ་པར་བསམ། སྔགས་རོལ་བྱ། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ [094A]༄༅། །སྔོན་པོ་བྱུང་ནས་ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་རྗེས་གནང་ཐོབ་པར་བསམ་ སྔགས་རོལ་བྱ། སླར་ཡང་གསོལ་གདབ་གོང་བཞིན་ལ། ཚིག་རྐང་ཐ་མ། སྐུ་གསུང་ཐུགས་ཀྱི་བྱིན་རློབས་སྩོལ། །ཞེས་ བསྒྱུར༑ མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་རྗེ་བཙུན་ སྒྲོལ་མའི་རྣམ་པར་སྤྱན་དྲངས་ཏེ། སློབ་མའི་ལུས་ལ་སིབ་སིབ་ཐིམ་པར་བསམ། རྟེན་གཏོར་ཐོགས་ཏེ། འགྲོ་ ཀུན་སྲིད་པའི་རྒྱ་མཚོ་ལས། །རྨད་བྱུང་ཐུགས་རྗེའི་གྲུ་ཛིངས་ཀྱིས། །སྒྲོལ་བའི་ཐུགས་དམ་བཅས་པ་ [094B] །དམ་ཚིག་ཆེན་པོ་ཨེ་ཧེ་ཧི། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་པས་སློབ་མའི་མགོར་བཞག་དེས་སྐུའི་བྱིན་རླབས་ཐམས་ ཅད་ཐོབ། བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང། ཞལ་ནས་ཐོན། ཁྱེད་རང་གི་ ཞལ་དུ་ཞུགས། ཐུགས་ཀར་འཁོད་པ་ལས་ཀྱང་འོད་ཟེར་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པའི་རྣམ་པ་ཅན་སོགས་ བཟླས་དམིགས་དང་བཅས་སྔགས་རྗེས་ཟློས་བརྒྱ་རྩ་བརྒྱད་བྱ། གསུང་གི་བྱིན་རླབས་ཐོབ། དེ་ནས་མདུན་གྱི་རྗེ་བཙུན་མའི་ ཐུགས་ཀའི་ཏཱཾ་ཡིག་ལས་ཏཱཾ་གྱི་རྣམ་པ་ཅན་གྱི་འོད་ཟེར་དམར་པོ་དཔག་ཏུ་མེད་པ་བྱུང། སློབ་མ་རྗེ་བཙུན་མར་ [095A]༄༅། །གསལ་བའི་ཐུགས་ཀར་ཁྱེད་རང་གི་སེམས་ཏཱཾ་གྱི་རྣམ་པ་ཅན་དེ་ཉིད་ལ་ཐིམ་པས་དྭངས་ གསལ་འོད་ཀྱི་རང་བཞིན་དུ་གྱུར། དེའི་འ་ཏ་ལ་ཐིམ། ཏ་མགོ་བོ་ལ་ཐིམ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ་ དེ་ནཱ་ད་ལ་ཐིམ། དེ་ནམ་མཁའ་ལ་ཡལ་བར་གྱུར་ཏེ། རྗེ་བཙུན་སྒྲོལ་མའི་ཐུགས་དང་ཁྱེད་རང་གི་སེམས་རོ་ གཅིག་ཏུ་གྱུར་པ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་དེའི་མཚོན་བྱེད་ལ་རྗེ་བཙུན་མའི་ཐུགས་ཀྱི་ཡེ་ཤེས་ཡིད་ བཞིན་གྱི་ནོར་བུའི་རྣམ་པར་ཤར་བ་རེ་བྱིན་བྱུང་བའི་མོས་པ་མཛོད། རིལ་བུ་ཁར་བྱིན། དེས་ཐུགས་ཀྱི་བྱིན་རླབས་ [095B] དེ་ནས་གསོལ་བ་གདབ་པ་ནི། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་རྟེན་གཏོར་ཐོགས་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། ། བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱིས། གཏོར་མའི་ལྷ་ཁྱེད་རང་ལ་ཐིམ་པས་ཡི་དམ་གྱི་སྐུ་ གསུང་ཐུགས་དང། ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བསམ། དེ་ནས་ནོར་བུ་བདུད་རྩིར་གྱུར་པར་ བསམ་ལ། དངོས་གྲུབ་ཀྱི་ཚུལ་དུ་སློབ་མ་ལ་བྱིན། སློབ་མས་མཎྜལ་ཕུལ། མཇུག་ཆོག་དཔའ་གཅིག་ལྟར་རོ།། །།ལྔ་པ་ [096A]༄༅། །བཀའ་སྡོད་བསྲུང་མ་ལ་ལས་གཤིན་རྣམ་གསུམ་མོ། །དང་པོ་ནང་སྒྲུབ་ནི། མཆོད་གཏོར་ཕྱག་ལེན་ལྟར་ བཤམས། ཡི་དམ་གྱི་བདག་བསྐྱེད་བཟླས་པ་གཏོར་མ་ཕུལ་བའི་རྗེས་སུ། ཆོས་རྒྱལ་འཁོར་བཅས་བསྐྱེད་པ་ནི། སཱ་བྷཱ་ཝས་ཆོས་ཐམས་ ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དྲག་པའི་ མེ་དཔུང་ཁ་དོག་ལྔ་པ་བཟོད་པར་དཀའ་བའི་རེག་བྱ་ཚ་བའི་མདར་དང་ལྡན་པ། བསྐལ་པ་འཇིག་པའི་མེ་ལྟར་ དྲག་ཏུ་འབར་བའི་འུར་སྒྲ་ཆེན་པོ་ཤིན་ཏུ་འཇིགས་པ་སྟོང་གསུམ་གཡོ་བའི་སྒྲ་ལྟར་རྒྱུད་མར་སྒྲོགས་པ། ཤིན་ཏུ་ [096B] གསུམ་མུན་པ་བྱེ་བས་བྱུག་པ་ལྟར་གནག་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང་རྩེ་མོ་ཕྲ་བ་ཐུར་དུ་ཟུག་པ་ ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྲག་ཞག་ཀླད་པའི་རྒྱ་མཚོ་རྦ་ཀློང་དམར་ནག་ཆལ་ཆིལ་གཡོ་ཞིང་རབ་ཏུ་འཁྲུག་ པ༑ ཝུ་བ་དམར་སེར་གྱི་ཕྲེང་བ་འཁྲིགས་པའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རཾ་ལས་ ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནོད་བྱེད་ནག་པོ་རྐན་རྐྱལ་དུ་བསྐྱེལ་བ། དེའི་སྟེང་དུ་ཧཱུཾ་ལས་དྲག་པོའི་གྲི་གུག་ [097A]༄༅། །ལྟེ་བར་ཧཱུཾ་མཐིང་ནག་གིས་མཚན་པ། དེ་ལས་འོད་འཕྲོས་དགྲ་བགེགས་གདུག་ པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་གྲི་གུག་ཧཱུཾ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ དམ་ཅན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་གྲི་གུག་བདུད་དཔུང་ ཀླད་ལ་འཕྱར་ཞིང། གཡོན་པས་དགྲ་བགེགས་ཀྱི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་ནས་ཞལ་དུ་ གསོལ་བ། ཁྲག་ལ་དགྱེས་ཤིང་ཞལ་ནས་ཁྲག་འཛག་པ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། མཆེ་བ་ [097B] ཁ་རླངས་བཞིན་དུ་འབར་བ། ཞལ་རྣམ་པར་འགྱུར་ཞིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། དམར་ལ་ཟླུམ་པའི་སྤྱན་ གསུམ་རབ་ཏུ་བགྲད་ནས་སྡང་མིག་དྲག་པོ་ཕྱོགས་བཅུར་གཡོ་བ། རལ་པ་སེར་སྐྱ་གྱེན་དུ་གཟིངས་ཤིང་ སྨིན་མ་སྨ་ར་རྫི་མ་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་བ། འཇིག་རྟེན་གསུམ་གྱི་བདུད་ཐམས་ཅད་ཀྱི་དཀྱིལ་ འཁོར་ཐམས་ཅད་སྲེག་པར་བྱེད་པའི་འོད་ཟེར་རྣོན་པོ་གློག་ལྟར་འཁྱུག་པ། ཤིན་ཏུ་འཇིགས་པའི་ཐོད་པ་སྐམ་པོ་ [098A]༄༅། །ལྔས་དབུ་ལ་བརྒྱན་ཅིང། ཁྲག་གིས་སྤགས་པའི་མགོ་རློན་ལྔ་བཅུའི་ཕྲེང་བ་ མགྲིན་པར་འཕྱང་བ། སྟག་གི་ལྤགས་པ་རློན་པས་སྐུ་སྨད་དཀྲིས་ཤིང། མི་རུས་ཀྱི་འཁོར་ལོ་དང་རྣ་ཆ་ལ་སོགས་ པ་རུས་པའི་རྒྱན་གྱིས་སྤྲས་པ། ཤིན་རུ་རྔམ་ཞིང་གཟི་བརྗིད་བཟོད་པར་དཀའ་བ། ཞབས་གཡས་བརྐྱང་ ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། དེའི་ཕྱོགས་བཞིར་དཀར་སེར་དམར་ནག་པའི་མ་ཧེ་དྲག་ ཏུ་ཁྲོས་པ་རྭ་དང་རྨིག་པ་རྡོ་རྗེའི་རང་བཞིན། ཁ་རླངས་མེ་འབར་བ་བཞིའི་སྟེང་དུ་ཡཾ་བཞི་ལས་ཌ་མ་རུ་དང་ [098B] གཡོན་མདའ་དར་མེ་ལོང་གིས་བརྒྱན་པ་འཛིན་པ། ལྷོར་གཤིན་རྗེ་སེར་པོ་གཡས་རལ་གྲི་དང་གཡོན་རྒྱལ་མཚན་ འཛིན་པ། ནུབ་ཏུ་གཤིན་རྗེ་དམར་པོ་གཡས་ཡིད་བཞིན་གྱི་ནོར་བུ་དང་གཡོན་ཐོད་པ་བདུད་རྩིས་གང་བ་ འཛིན་པ། བྱང་དུ་གཤིན་རྗེ་ནག་པོ་གཡས་ཐོད་དབྱུག་དང་གཡོན་ཞགས་པ་འཛིན་པ། བཞི་ཀའང་མ་ ཧེ་དྲག་ཏུ་ཁྲོས་པའི་གདོང་པ་ཅན། ཤིན་ཏུ་རྣོ་བའི་རྭ་གཉིས་དང་ལྡན་པ། ཞལ་གདངས་ཤིང་མཆི་བ་ [099A]༄༅། །གཙིགས་པ། ལྗངས་རྣམ་པར་བསྐྱོད་པ། མེའི་ཕུང་པོ་དང་མཚུངས་པའི་སྤྱན་ གསུམ་རབ་ཏུ་བགྲད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང། སྨིན་མ་སྨར་སེར་པོ་མེ་ལྟར་ འབར་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། མི་རུས་ ཀྱི་ཕྲེང་བས་བརྒྱན་ཅིང་ལིངྒ་དམར་པོ་གྱེན་དུ་ལངས་པ། ཞབས་གཡས་བསྒོམ་པས་མ་ཧེ་མགོ་ གཡས་སུ་བསྟན་པའི་རྭ་བར་དང། གཡོན་བརྐྱང་པས་ཚང་རའི་སྟེང་ན་བརྫི་སྟེ་ཤིན་ཏུ་གཏུམ་པའི་ཚུལ་ [099B] འཁོར་དུ་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་ པོ༑ མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་དང་དམ་ཚིག་པ་རྣམས་ཀྱི་ཐུགས་ཀའི་ཧཱུཾ་ལས་ འཕྲོས་པའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ལྷོ་ཕྱོགས་རིམ་པ་བདུན་གྱིས་འོག་གཤིན་རྗེའི་གྲོང་ཁྱེར་ལྕགས་ མཁར་སྒོ་མེད་མུན་ཁང་བཅུ་དྲུག་ནས་དམ་ཅན་གཤིན་རྗེ་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས། ཧཱུཾ་འཇམ་ དཔལ་དཔའ་བོ་ཁྲོས་པའི་ཟློས་གར་མཁན། །གཤིན་རྗེ་གཤེད་པོ་མི་ཡི་རྣམ་རོལ་པ། །ཆོས་ཀྱི་རྒྱལ་པོ་བློ་བཟང་ [100A]༄༅། །རྒྱལ་བའི་བཀའ། བདེན་པའི་དངོས་པོ་དེང་འདིར་གྲུབ་པར་མཛོད། །དགེ་སྡིག་ ལས་ཀྱི་ཤན་བྱེད་སྟངས་འཛིན་པ། །དམ་ཅན་གཤིན་རྗེ་རྒྱལ་པོ་འཁོར་དང་བཅས། །སྔོན་གྱི་གཡར་དམ་གཉན་པོ་ ཉེར་དགོངས་ཏེ། བརྩེ་བས་འཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་ཧྲཱི་ཥྚཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཡ་ མ་རཱ་ཛ་ས་པ་རི་ཝཱ་ར་ཨ་གརྵ་ཡ་ཛཛཧཱུཾ་བཾ་ཧོཿ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། རང་གི་ཐུགས་ ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས། ཨོཾ་ཡ་མནྟ་ཀ་ས་ [100B] བཅོམ་ལྡན་ཐུགས་རྗེས་གདུག་པ་འདུལ། བརྩེ་ཆེན་སྣ་ཚོགས་སྐུར་སྤྲུལ་པ། ། བཅོམ་ལྡན་བདག་ཉིད་ཆེན་པོ་སྟེ། །ཁྱེད་ཀྱིས་འདི་ལ་དབང་བསྐུར་གསོལ། །ཞེས་ལན་གསུམ། ཞེས་གསོལ་བ་བཏབ་ པས་ཡི་དམ་གྱིས་བུམ་ཆུས་དབང་བསྐུར་སྟེ། བཅོམ་ལྡན་དེ་བཞིན་གཤེགས་རྣམས་ཀྱིས། །གཉིས་སུ་མེད་པའི་ ཡེ་ཤེས་ཀྱི། །བདུད་རྩིའི་ཆུ་རྒྱུན་དམ་པ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་སྦྱིན། །ཨོཾ་བཛྲ་བཱ་ཝ་ཨ་བཧི་ཥིཉྩ་ ཧཱུཾ༑ ཞེས་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང། དྲི་མ་ཐམས་ཅད་དག་དབང་བཞི་ཐོབ། ཆུ་ [101A]༄༅། །ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པར་གྱུར། གཤིན་ རྗེ་རྒྱལ་པོ་འཁོར་དང་བཅས། དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ ཀྱང༑ ༑ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཡ་མ་རཱ་ཛཱ་ས་མ་ཡ་སྟྭཾ་མཆོད་པ་བྱིན་གྱིས་རླབས། རབ་ འབྱམས་ཞིང་ན་དགྲ་བགེག་མ་ལུས་པའི། །སྙིང་ཁྲག་ཀླད་ཁྲག་དམར་ནག་རྒྱ་མཚོ་ཡི། མཆོད་ཡོན་ལ་སོགས་ མཆོད་ཡོན་ཅི་མཆིས་པ། །གཤིན་རྗེ་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་ཧྲཱི་ཥྚཱི་ཝིཀྲི་ཏཱ་ན་ན་ཧཱུཾ་ཕཊ་ [101B] དབང་པོ་ལྔ་ཡི་མེ་ཏོག་གཞན་ཡང་ནི། ། ཆུ་སྐྱེས་ལ་སོགས་མེ་ཏོག་ཅི་མཆིས་པ། །གཤིན་རྗེ་ ྾ ཨོཾ་ཧྲཱི་ཥྚྲཱི་སོགས། ས་པ་རི་ཝཱ་ར་བཛྲ་པུཥྤེ་པཱུ་ཛ་ས་མ་ ཡེ་ཧཱུཾ། རབ་འབྱམས་ ྾ ཚིལ་ཆེན་བདུད་རྩི་ལྔ་ལྡན་གུ་གུལ་དང། །ཨ་ཀ་རུ་སོགས་བདུག་སྤོས་ཅི་མཆིས་པ།། གོང་གི་སྔགས་ཀྱི་པུཥྤེའི་གནས་སུ། དཧུ་པ་སྦྱར། དེ་བཞིན་དུ། ཞུན་ཆེན་ཞུན་མར་ཡི་དྭགས་མེ་ཡིས་སྦར། །ནོར་བུའི་འོད་ སོགས་སྣང་གསལ་ཅི་མཆིས་པ། །དའི་པཾ། ཁྲག་ཞག་མཁྲིས་པའི་དྲི་ངད་སྟོང་གསུམ་ཁྱབ། །ག་པུར་ལ་སོགས་དྲི་ [102A]༄༅། །ཆིབ་ཅི་མཆིས་པ། །གནྡྷེ། ཤ་རུས་བཤོས་བུ་དམར་ནག་རྒྱ་མཚོ་དང། །བདུད་རྩིའི་ ཟས་སོགས་ཞལ་ཟས་ཅི་མཆིས་པ། །ནཻ་ཝི་ཏེ། ཐོད་པའི་ཅང་ཏེའུ་མི་རྐང་གླིང་བུ་སོགས། །བརྗིད་ཅིང་སྙན་པའི་སྒྲ་ ལྡན་རོལ་མོའི་ཚོགས། །ཤཔྟ་རྣམས་སྦྱར་བས་མཆོད། ནང་མཆོད་ནི། ཨོཾ་མཆོད་དོ། །དུས་གསུམ་སངས་རྒྱས་ ཐམས་ཅད་ཀྱི་ངོ་བོ། དངོས་གྲུབ་ཀུན་གྱི་འབྱུང་གནས། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱ་ཧཱུཾ་ སོགས་བརྒྱུད་པའི་བླ་མ་ལ་འབུལ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ [102B] ྾ འཕྲིན་ལས་གཤིན་རྗེ་རིགས་བཞིའི་ ྾ འཁོར་སྡེ་བརྒྱད་ཀྱི་ཚོགས་ཀྱི་ ཞེས་དབུལ། རྡོ་རྗེ་བསྡམས་ལས་སྲིན་ལག་གཉིས་ལྟོ་སྦྱར་ཏེ་བསྒྲེང་པའི་ཕྱག་རྒྱ་སྙིང་གར་བཞག་ལ། ཨོཾ་ཧྲཱི་ཥྚྲཱི་སོགས། ཡ་མ་རཱ་ ཛཱ་ས་པ་རི་ཝཱ་རི་ས་མ་ཡ་སྟྭཾ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་སྟོབས་ཆེན་གཤིན་རྗེའི་རྒྱལ་པོ་འཁོར་ དང་བཅས་པ་ཁྱེད་རྣམས་ཀྱིས། བཅོམ་ལྡན་འདས་གཤིན་རྗེ་གཤེད། རྗེ་བཙུན་འཇམ་པའི་དབྱངས། གྲུབ་ཆེན་ དཔའ་བོ་རྡོ་རྗེ། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ལ་སོགས་པ་རྩ་བ་དང་བརྒྱུད་པའི་བླ་མ་དམ་ [103A]༄༅། །པ་རྣམས་ཀྱི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པའི་དམ་ཚིག་མཐའ་དག་དྲན་པར་ གྱིས་ལ། དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་བསྲུང། དཀོན་མཆོག་གི་ དབུ་འཕང་བསྟོད། རྣལ་འབྱོར་པ་བདག་གིས་ཇི་ལྟར་བསྒོ་བའི་འཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབ་པ་ལ་མི་ གཡེལ་བར་མཛོད་ཅིག་སྔོན་གྱི་ཐ་ཚིག་དྲན་བྱའི་ཕྱིར། །རྡོ་རྗེའི་ཐ་ཚིག་འདི་བསྣན་པས། །མི་བྱེད་རྡོ་རྗེའི་དམ་ ཚིག་ནི། །ཁྱོད་ཀྱི་སྙིང་ལ་གནས་པར་འགྱུར། །ཨོཾ་བཛྲ་ས་མ་ཡ་ཏིཥྛ། ཞེས་དམ་ལ་བཞག་པས་གཤིན་རྗེ་འཁོར་བཅས་ [103B] བདག་གི་དཀའ་དང་དམ་ལས་མི་འདའ་བར་བསམ་མོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཤིན་ རྗེ་གཤེད་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། གཤིད་རྗེ་གཤད་ཀྱི་ཡིག་བརྒྱ་བཟླ། ཧཱུཾ་རྡོ་རྗེ་འཆང་དང་བློ་བཟང་ གྲགས་པ་སོགས། །བླ་མ་ཡི་དམ་བསྲུང་མས་དགོངས་སུ་གསོལ། །རྗེ་བཙུན་བླ་མ་ཐ་མལ་དུ་ཞེན་ཅིང། །མ་དད་ ལོག་ལྟ་བགྱིས་རྣམས་མཐོལ་ལོ་བཤགས། །རིམ་གཉིས་ལ་བརྟེན་མཆོག་ཐུན་གྲུབ་པའི་བགེགས། །དམ་ཚིག་ སྡོམ་པར་འགལ་ཉམས་ཁྱད་པར་དུ། །མི་དགེ་བཅུ་སྤོང་ཁྲིམས་དང་འགེལ་བ་ཡི། །རང་བཞིན་བཅས་པའི་སྡིག་ [104A]༄༅། །ལྟུང་ ྾ ཆོས་རྒྱལ་འཁོར་བཅས་བདག་ཅག་བུ་བཞིན་དུ། །བསྐྱངས་པར་གཏང་རག་ དུས་སུ་མ་བཏང་དང། །བློ་བཟང་རྒྱལ་བའི་བསྟན་པར་ལོག་པའི་སེམས། །བྱེད་ལ་བྱིན་རླབས་བྱས་རྣམས་ ྾ བཤགས་ དང་བཤགས་བྱའི་མཚན་མ་ཀུན་བྲལ་ཡང། །བདེན་འཛིན་བག་ཆགས་བཅས་པ་དག་བྱའི་ཕྱིར། །བླ་མ་ཡི་དམ་དམ་ ཅན་ཚོགས་རྣམས་ལ། །བཤགས་པས་སྒོ་གསུམ་དྲི་མ་དག་གྱུར་ཅིག་བསྐང་རྫས་བྱིན་རླབས་བྱ། ཧཱུཾ་ལྷུན་གྲུབ་བདེ་ བ་ཆེན་པོའི་རྣམ་རོལ་ལས། །འདོད་དགུའི་དམ་རྫས་ཕྱི་ནང་མཆོད་སྤྲིན་ཚོགས། །རབ་འབྱམས་ས་དང་བར་སྣང་ [104B] །དམ་ཅན་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ཅིག་དགྲ་བགེགས་སྙིང་ཁྲག་མཆོད་ཡོན་འཁྱིལ་ ཞིང་གང། །དབང་པོ་ལྔ་བརྩིགས་ལྷ་མའི་མེ་ཏོག་བཀྲ་ཤ་ཆེན་ཚིལ་ཆེན་དུར་ཁྲོད་མེར་སྲེག་སྤོས། །ཞུན་ཆེན་ མཚོ་ལ་བགེགས་ཕུང་སྦར་བའི་སྒྲོན། །ག་པུར་དྲི་སྒོས་ཁྲག་མཚོ་འཇིགས་རླབས་གཡོ། །དགྲ་བགེགས་ཤ་ཁྲག་ ལྷ་མའི་བཟའ་བཅའ་སྤུངས། །སྙན་བརྗིད་འགྱུར་བའི་རོལ་མོ་བཅས་པ་འདིས། །དམ་ཅན་ཆོས་རྒྱལ་འཁོར་བཅས་ ཐུགས་དམ་བསྐང། །སྟོང་གསུམ་ཡུད་གྱིས་མྱུལ་བའི་མ་ཧེའི་ཚོགས། །ཟླ་བའི་གདོངས་ལྡན་རྟ་ནག་གློག་ [105A]༄༅། །བཞིན་རྒྱུ། །གཡག་རོག་ཞོལ་ཆེན་ངར་སྒྲས་དགྲ་སྙིང་འགས། །ཟླ་དང་དར་གྱིས་ བརྒྱན་པའི་ལུགས་ནག་དང། །དགྲར་ལྡང་བྱ་ནག་རྡོ་རྗེའི་མཆུ་སྡེར་བཅས་ཁ་གདངས་མཆེ་གཙིགས་ཁྱི་ནག་དོམ་ ལྟར་འཕྱོ། །འཇའ་ཚོན་ལྟར་བཀྲ་མཛེས་པའི་རུ་མཚོན་འདིས། །དམ་ཅན་ ྾ སྦྱངས་རྟོགས་སྤར་བའི་མྱོས་ བྱེད་བདུད་རྩིའི་མཚོ། །ཤ་ཁྲག་དམར་ཆེན་གཏོར་མ་རི་ལྟར་སྤུངས། །དགྲ་བགེགས་སྲོག་ནི་མཐར་བྱེད་མཚོན་ཆའི་ ཚོགས༑ ༑ཞིང་ཆེན་གཡང་གཞི་མགོ་རློན་དོ་ཤལ་དང། །ཟླ་བ་ལ་འགྲན་འཇིགས་རུང་ཐོད་སྐམ་གྱི། །དབུ་རྒྱན་རུས་ [105B] །རྡོ་རྗེའི་གོ་ཁྲབ་འདོད་ཡོན་སྣ་ལྔ་འདིས། །དམ་ཅན་ ྾ རི་རབ་གླིང་བཞི་རྒྱལ་ སྲིད་རིན་ཆེན་བདུན། །ཉེ་བའི་རིན་ཆེན་བདུན་སོགས་མཆོད་སྤྲིན་ཆགས། །ནང་རྟེན་ལས་ཀྱི་གཤིན་རྗེའི་འཁོར་ལོ་ དང༑ ༑གསང་རྟེན་ཆོས་རྒྱལ་འཁོར་བཅས་བྲིས་འབུར་སྐུ། །སྟོབས་ཆེན་ལས་ཀྱི་གཤིན་རྗེའི་སྐུར་བསྟན་ཀྱང། ། ཡབ་གཅིག་འཇམ་དབྱངས་ཞི་ཁྲོའི་བདག་ཉིད་དུ། །ཡིད་ཆེས་གསོལ་འདེབས་བླ་མེད་རྟེན་མཆོག་འདིས། ། དམ་ཅན་ཆོས་རྒྱལ་འཁོར་བཅས་ཐུགས་དམ་བསྐང། །ཐུགས་དམ་བསྐང་ཞིང་ཉམས་ཆགས་སོས་གྱུར་ནས། །བར་ [106A]༄༅། །ཆད་ཀུན་སེལ་མཐུན་རྐྱེན་མ་ལུས་སྒྲུབ། །ཧཱུཾ་བླ་མ་ཡི་དམ་གཤིན་རྗེ་གཤེད་པོ་དང།། སོགས་བཟློག་པ་བྱ། གཙོ་བོའི་ཐུགས་ཀར་ཉི་གདན་ལ་ཧཱུཾ་དང། འཁོར་བཞིའི་ཐུགས་ཀར་ཉི་གདན་ལ་ཡཾ་དཀར་སེར་ དམར་ནག་གི་མཐར་རང་རང་གི་སྔགས་ཀྱིས་བསྐོར་བ། རང་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བརྟན་པའི་ཐུགས་ཀའི་ཧཱུཾ་ ལས་འོད་འཕྲོས། གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་ས་བོན་ལ་ཕོག་པས་དགྱེས་བཞིན་དུ་བཀའ་ཉན་ཅིང་ལས་ སྒྲུབ་པར་བསམ་ལ། ཨོཾ་ཀ་ལ་རཱུ་པ་ཡ་མ་རཱ་ཛཱ་ཧཱུཾ་ཕཊ། ཞེས་དང། བྲམ་ཟེ་མཆོག་སྲིད་ཀྱིས་མཛད་ཟེར་བའི་རྒྱ་གཞུང་ [106B] ཤ་ས་ན་འདིའི་སྔགས་སུ་གསུངས་ ཏེ༑ ཆོས་སྐྱོང་སྤྱིའི་རྩ་སྔགས་ཡིན་པས་ཤིན་ཏུ་ལེགས་སོ། །ཞེས་རྩ་ང་སྟོན་གྱིས་གསུངས་པས་ཤཱ་ས་ན་འང་བཟླ། ཨོཾ་ཡ་མ་རཱ་ཛཱ་ སརྦ་པཱ་བཾ་བིགྷྣན་ཤ་ཏྲུཾ་དུཥྚཾ་ཤིནྟ་ཀུ་རུ་ཡེ་སཱ་ཧཱ། ཨོཾ་ཡ་མ་རཱ་ཛཱ་ཨཱ་ཡུཔུཎྱེ་པྲཛྙཱ་ས་མ་ཏི་པུཥྚིཾ་ཀུ་རུ་ཡེ་སཱ་ཧཱ་ ཨོཾ་ཡ་མ་རཱ་ཛཱ་སརྦ་སིདྡྷི་ཧཱུཾ། ཨོཾ་ཀ་ལ་རཱུ་པ་སརྦ་བིགྷྣན་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་རིམ་པ་བཞིན་གཤིན་རྗེ་བཞིའི་ སྔགས་བཟླ། གཏོར་མ་བྱིན་གྱིས་རླབས་ལ། ཧཱུཾ་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་ [107A]༄༅། །པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཀ་ལ་ རཱུ་པ་ས་པ་རི་ཝཱ་ར་སརྦ་བིགྷྣན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་གཙོ་འཁོར་ཀུན་ལ་ འབུལ༑ ཨོཾ་ཀ་ལ་རཱུ་པ་ས་པ་རི་ཝཱ་ར་ཨོཾ་ཨཱ་ཧཱུཾ། གིས་ནང་མཆོད་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧོ་འཇམ་ དཔལ་གཤིན་རྗེ་གཤེད་ཀྱི་བཀའ་འཁོར་ན་བཀའ་ཉན་ཅིང། བཀའ་དང་དམ་ལས་མི་འདའ་བའི་དམ་ཅན་ སྐྱེ་འགྲོ་ཡོངས་ཀྱི་སྲོག་བདག་དམ་ཚིག་ཅན་གྱི་སྟོང་གྲོགས། གདུགས་པ་ཅན་རྣམས་ཚར་གཅོད་པ་ལ་ [107B] མཆོད་གཏོར་འདི་བཞེས་ལ། དགེ་འདུན་གྱི་ཆོས་འཁོར་སྐྱོངས། ཆོས་མི་ནུབ་པའི་རྒྱལ་མཚན་ ཚུགས། ཁྱད་པར་དུ་བློ་བཟང་རྒྱལ་བའི་བསྟན་པ་ལ་གནོད་ཅིང་འཚེ་བ། སྐྱེ་བོ་ཡོངས་ལ་འཚེ་བ་ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་སོགས་སུ་ཞེ་སྡང་བའི་མི་དང་མི་མ་ཡིན་པའི་དགྲ་བགེགས་ཐམས་ ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བའི་ཐམས་ཀྱིས་དོར་བར་མཛད་དུ་གསོལ། གལ་ཏེ་ཞི་བས་འདུལ་དུ་ [108A]༄༅། །མ་འཚལ་བ་ལྟ་ན་གང་ལ་གང་འཚམ་པའི་དྲག་པོའི་ལས་ཀྱིས་ཚར་གཅོད་པའི་ འཕྲིན་ལས་མཛོད་ཅིག་གཞི་བདག་གཏོར་མ་བཏང། བརྐྱང་བསྐུམ་མས་བསྟོད། སྤྲོ་ན། ཧཱུཾ་འཇམ་དཔལ་ བཀའ་སྡོད་སྟོབས་ཆེན་གཤིན་རྗེའི་གཙོ། །བདུད་དཔུང་ཀུན་འཇོམས་ཤིན་ཏུ་ཁྲོས་པའི་སྐུ། །དགེ་སྡིག་དཔང་ མཛད་ལེགས་ཉེས་ཆོས་བཞིན་སྤྱོད། །ཁམས་གསུམ་ཟ་བྱེད་གཤིན་རྗེའི་རྒྱལ་པོ་དང། །བཀའ་ཉན་འཁོར་ ཚོགས་དམ་ཅན་རྒྱ་མཚོ་བཅས། །ཤ་ཆེན་ཁྲག་ཞག་དམ་རྫས་མཆོད་གཏོར་དང། །བདུད་རྩི་ལྔ་ལྡན་བཏུང་བ་ [108B] །རྡོ་རྗེ་འཆང་དབང་རྩ་རྒྱུད་བླ་མ་དང། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བཞིན་དུ། ། རྒྱལ་བའི་བསྟན་པ་བསྲུང་ཞིང་རྒྱས་པ་དང། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་ གདོན་ཉེར་འཚེ་དགྲ་དང་བགེགས་ལ་སོགས། །བར་ཆད་མི་མཐུན་ཕྱོགས་ཀུན་ཞི་བར་མཛོད། །བཤད་དང་སྒྲུབ་ པ་ཚེ་དང་བསོད་ནམས་དང། །འཁོར་དང་ལོངས་སྤྱོད་ལ་སོགས་རྒྱས་པར་མཛོད། །སྲིད་པ་གསུམ་གྱི་ འགྲོ་བ་མ་ལུས་དང། །དེ་ཡི་དཔལ་འབྱོར་ཐམས་ཅད་དབང་དུ་མཛོད། །དེང་ནས་བརྩམས་ཏེ་བྱང་ཆུབ་སྙིང་ [109A]༄༅། །པོའི་བར། །ལམ་ལ་བར་དུ་གཅོད་པ་ཕྱི་ནང་གི་དགྲ་བགེགས་མི་དང་མི་མ་ ཡིན་ལ་སོགས། །ཐམས་ཅད་དྲག་པོའི་ལས་ཀྱིས་ཚར་ཆོད་ཅིག་ཅེས་པས་གཏོར་མ་ཕྱིར་ལྷོ་ཕྱོགས་སུ་བསྐྱལ་ལོ། ། དེ་ནས་ནང་མཆོད་དང་ཕྱི་མཆོད་ཕུལ། བཟོད་གསོལ། བྲིས་སྐུ་ཡོད་ན་དེ་ལ་བསྟིམ། མེད་ན་གཤེགས་གསོལ་བྱ། བསྔོ་བ་དང་བཀྲ་ཤིས་ བརྗོད༑ འདིའི་རྗེས་གནང་བྱེད་ན་དཀྱིལ་འཁོར་དཀར་པོ་ཟླུམ་བུ་མེ་རི་དང་བཅས་པའི་དབུས་སུ་ཆོས་འབྱུང་མཐིང་ནག་ཟུར་རང་ལ་བསྟན་པའི་ དབུས་སུ་གྲི་གུག་ནག་པོའི་ལྟེ་བ་ལ་ཧཱུཾ་གིས་མཚན་པའི་མཐར། ཨོཾ་ཀ་ལ་རཱུ་པ་ཧཱུཾ་ཕཊ་གྱིས་བསྐོར་བ་བྲི། ཆོས་འབྱུང་གི་སྟེང་དུ་མཉྫི་ལ་ [109B] མཐའ་མཆོད་གཏོར་གྱིས་བསྐོར། ཡི་དམ་གྱི་བདག་བསྐྱེད་སོང་ནས། གཏོར་མ་ཆོས་ སྐྱོང་དུ་བསྐྱེད། མཆོད་བསྟོད་བཟླས་པ་བྱ། སློབ་མས་མཎྜལ་ཕུལ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་ བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །འཆི་བདག་གཤིན་རྗེའི་རྗེས་གནང་སྩོལ། ། ཞེས་གསོལ་བ་གདབ། ལྷ་ངོ་བསྟན། བདུན་རྣམ་དག་ལན་གསུམ་བྱ། སློབ་མ་ལྷར་བསྐྱེད་པ་མི་གསལ་ཡང་བླ་མ་གོང་མའི་ཞལ་གདམས་ ལས་བྱུང་བ་ལྟར་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད། དེ་ནས། སྐུའི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། དུས་གསུམ་སངས་ [110A]༄༅། །རྒྱས་ཐམས་ཅད་ཀྱི། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་གཤིན་རྗེ་རྒྱལ་ པོ་ཡི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། བླ་མ་རྡོ་རྗེ་འཇིགས་བྱེད་དུ་གསལ་བས་ཆོས་སྐྱོང་ གི་ཕྱག་གཉིས་ནས་བཟུང་ནས་སློབ་མ་ལ་གཏད་པར་བསམ་ལ། དེའི་མཚོན་བྱེད་དུ་གྲི་གུག་དང་ཐོད་པ་གཏད་དེ་ བཀའ་བསྒོ་བ་ནི། དམ་ཅན་གཤིན་རྗེའི་རྒྱལ་པོ་ཁྱོད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ནས་རྩ་བའི་བླ་མའི་ བར་གྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བཀའ་བསྒོས། དམ་ཚིག་ཉེར་དུ་གཏད། རང་གི་ཁས་བླངས་དམ་ [110B] གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་རྗེས་ སུ་འབྲང་ནས། དམ་པའི་ཆོས་སྒྲུབ་པ་ལ་ལུས་ཀྱི་རྐྱེན་ངན་བར་ཆད་ཐམས་ཅད་གསལ་ནས། འཕྲིན་ལས་གང་ བཅོལ་བ་སྒྲུབ་པ་དང། ཆོས་ལྡན་གྱི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛོད་ཅིག་ཅེས་ བརྗོད། སློབ་མ་ལ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་འདི་རྣམས་ཀྱིས་ཀྱང་གཤིན་རྗེ་རྒྱལ་པོའི་དམ་ཚིག་ལ་གནས་ པའི་ངང་ནས་ལུས་ཀྱི་སྒོ་ནས་བསྙེན་སྒྲུབ་ཀྱི་ལས་དང། མཆོད་གཏོར་གྱི་ལས་ལ་བརྩོན་པར་གྱིས་ཤིག་སློབ་མས་ [111A]༄༅། །ཀྱང། དེ་བཞིན་དུ་བགྱིའོ། །ཞེས་ཁས་བླངས། གསུང་གི་རྗེས་གནང་ལ་གསོལ་བ་གདབ་པ་ ལ་སྐུའི་དང་རིགས་འགྲེ་སྦྱར། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། མདུན་གྱི་འཆི་བདག་ གི་ཐུགས་ཀར་ཕོགས་པས། ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀའི་སྔགས་ཕྲེང་ལས་ཀྱང། སྔགས་ཕྲེང་ཁ་དོག་ ནག་པོ་འོད་ཟེར་དྲག་ལ་རྩུབ་པ་འཕྲོ་བ་དང་བཅས་པ། མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་གྱིས་ཐུགས་ཀ་ ནས་བརྒྱུད་དེ་ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། སྙིང་ཁར་ཉི་དཀྱིལ་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་ [111B] ཐམས་ཅད་བྱ་སྒྲོ་མེ་ལ་སྲེག་པ་བཞིན་དུ་གཞོབ་ཐུལ་ཐུལ་བསྲེག་པའི་མོས་པ་མཛད་ནས། སྔགས་བརྒྱ་རྩའི་རྗེས་ཟློས་ བྱེད་དུ་བཅུག་བཀའ་བསྒོ་ནི། གོང་ལྟར་ལས་ལུས་ཀྱི་ཚབ་ཏུ། ངག་གི་རྐྱེན་ངན་བར་ཆད་ཐམས་བསལ་ནས། ཞེས་དང་ ངག་གི་སྒོ་ནས་བསྙེན་སྒྲུབ་ཞེས་སྦྱར། ཐུགས་ཀྱི་རྗེས་གནང་ལ་གསོལ་གདབ་རིགས་འདྲ། བླ་མའི་ཐུགས་ཀའི་ཧཱུཾ་ལས་འོད་ ཟེར་འཕྲོས། གཤིན་རྗེ་འཁོར་དང་བཅས་པ་ལ་ཕོག་པས་འཁོར་ཐམས་ཅད་ཐུགས་ཀའི་ས་བོན་གྱི་རྣམ་པར་ [112A]༄༅། །གཙོ་བོའི་ཐུགས་ཀར་ཐིམ། གཤིན་རྗེ་རྒྱལ་པོའི་སྐུ་ལས་ཀྱང་སྐུ་རང་འདྲ་གཉིས་པ་ ཞིག་བྱུང། སློབ་མའི་སྤྱི་བོར་ནས་ཞུགས། །རྩ་ཨ་ཝ་དཧུ་ཏིའི་ནང་བརྒྱུད་དེ་སྙིང་ཁར་བྱོན། དུས་འདི་ནས་ བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དམ་པའི་ཆོས་སྒྲུབ་པ་ལ་ཞི་རྒྱས་དབང་དྲག་གི་འཕྲིན་ལས་གང་ བཅོལ་བ་ཐམས་ཅད་ཐོགས་མེད་དུ་སྒྲུབ་པའི་ཕྱིར་དུ། འབྲལ་མེད་དུ་ཞུགས་ནས་བྱིན་གྱིས་རླབས་བྱུང་སྙམ་པའི་མོས་ པ་མཛོད། གཏོར་མ་སློབ་མའི་མགོར་བཞག་ཏེ་བཀའ་བསྒོ་བ་ནི། གོང་ལྟར་ལས། ལུས་ཀྱི་ཞེས་པའི་ཚབ་ཏུ། ཡིད་ཀྱི་ཞེས་ [112B] སློབ་མས་མཎྜལ་ཕུལ། དེ་ནས་མཆོད་གཏོར་ཕུལ་ནས་བཀྲ་ཤིས་དང་སྨོན་ལམ་བརྗོད། གཤེགས་གསོལ་བྱ་ དཀྱིལ་འཁོར་བསྡུའོ།། །།གཉིས་པ་ཆོས་རྒྱལ་ཕྱི་སྒྲུབ་ནི། ཨོཾ་སྭ་བྷཱ་ཝ་སོགས་ཆོས་འབྱུང་བསྐྱེད་པ་གོང་ལྟར་ལས། རཾ་ ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དགྲ་བགེགས་རྣམས་ཀྱི་སྙིང་ག་ནས་བརྫིས་པའི་མ་ཧེ་ནག་པོའི་གདན་ལ་ཡཾ་ལས་ དབྱུག་པ་ཡཾ་གྱིས་མཚན་པ་ལས་འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ ལས༑ དམ་ཅན་གཤིན་རྗེའི་རྒྱལ་པོ་མ་ཧེ་ཁྲོས་པའི་གདོང་ཅན། སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ [113A]༄༅། །ཀྱི་གཡས་པས་དབྱུག་པ་ནམ་མཁའ་ལ་འཕྱར་པས་དགྲ་བགེགས་རྡུལ་དུ་རླག་ཅིང་ གཡོན་སྡིག་མཛུབ་དང་བཅས་པའི་ཞགས་པས་བསྟན་དགྲ་མ་ལུས་པ་བཅིང་བར་མཛད་པ། ཞབས་གཡས་ བསྐུམ་པས་མ་ཧེ་རབ་ཏུ་ཁྲོས་པའི་ར་བར་དང། གཡོན་བརྐྱང་པས་ཚང་སྟེང་ནས་བརྫིས་པ། ཐོད་སྐམ་ལྔས་ དབུ་བརྒྱན་ཅིང། རློན་པ་ལྔ་བཅུའི་ཕྲེང་བ་ཅན། རུས་པས་བརྒྱན་ཅིང་མེ་དཔུང་འབར་བའི་དབུས་ན་བཞུགས་ པ༑ འདི་འཁོར་མཁས་གྲུབ་རྗེས་མཛད་པའི་མངོན་རྟོགས་ལྟར་རམ། ཡང་ན། དེའི་གཡོན་དུ་ཙཾ་ལས་རྩེ་གསུམ་ཙཾ་ [113B] གཡོན་ ཐོད་པ་དགྲ་བགེགས་ཀྱི་སྙིང་ཁྲག་གིས་གང་བ་འཛིན་པ། སྦོམ་ཞིང་ཐུང་ལ་ནུ་མ་འཕྱང་བ། ཤིན་ཏུ་ཁྲོ་ཞིང་ རྔམས་པ་ཁ་གདངས་པ། མཆི་བ་རྣོ་གདུག་འབར་བ་གཙིགས་ཤིང་ལྗགས་རྣམ་པར་འགྱུར་བ། སྤྱན་གསུམ་ དམར་པོ་མེ་ལྟར་འབར་བ། རལ་བ་དམར་སེར་གྱེན་དུ་གཟིངས་པ། དྲག་མོ་ཆེན་མོ་ཤིན་ཏུ་འཇིགས་ཤིང་མི་སྡུག་ པའི་བཞིན་ཅན་མ། དུད་འགྲོའི་ལྤགས་པ་རློན་པ་གོས་སུ་གྱོན་པ། ཞབས་གཉིས་བརྐྱང་བསྐོམ་གྱི་སྟབས་ཀྱིས་ [114A]༄༅། །གནས་པའོ། །ཡབ་ཡུམ་གཉིས་ཀྱི་ཤར་དུ་གཤིན་རྗེ་ཡ་བ་ཏི་དཀར་པོ་གཡས་ འཁོར་ལོ་འཛིན་པ། ལྷོར་ཆོས་རྒྱལ་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་ཏེ་ལ་པ་དམར་པོ་གཡས་པདྨ། བྱང་ དུ་གླང་མགོ་ཅན་ལྗང་གུ་གཡས་རལ་གྲི་མེར་མིག་དམར་དམར་ནག་གཡས་ཐོ་བ། བདེན་བྲལ་དུ་ཕྱ་སངས་དཀར་པོ་ གཡས་དབྱུགས་པ། རླུང་དུ་རྨིག་པ་དམར་པོ་གཡས་གསལ་ཤིང། དབང་ལྡན་རལ་བ་ཚར་དགུ་ལྗང་གུ་གཡས་ རལ་གྲི་འཛིན་པ། ཐམས་ཅད་ཀྱང་གཡོན་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་པ། དེ་དག་གི་ཕྱིའི་ཕྱོགས་ [114B] མཆེ་བ་མ། བེ་ཅོན་ནག་མོ། དུས་མཚན་མ། ལྕགས་ཀྱུ་མ། ཞགས་ པ་མ། ལུ་གུ་རྒྱུད་མ། གཤིན་རྗེ་འབེབས་མ་སྟེ། བརྒྱད་ཀའང་སྐུ་མདོག་ནག་མོ། ཞལ་གཅིག་ཕྱག་གཉིས་ཀྱིས་ གྲི་གུ་དང་ཐོད་པ་འཛིན་པ། གཞན་ཡང་ནམ་གྲུ་དང། གསོད་པ་མ་དང། ནག་མོ་དང། ཤ་ཀ་ལི་ལ་སོགས་པ་ལ་ ལ་ལས་ཀྱི་མེ་ལོང་ཅན། ལ་ལ་ནད་ཀྱི་རྐྱལ་བ་དང། ལ་ལ་མཚོན་གྱི་གྲུ་གུ་དང། ལ་ལ་བདུད་ཀྱི་ཁྲམ་བམ་དང་ ལ་ལ་ཤོ་རྡེའུ་དཀར་ནག་ཐོགས་པ། ལ་ལ་ལྕགས་ཀྱི་དྲེའུ་རྟ་ལ་ཞོན་པ། ལ་ལ་བོང་བུ་གྭ་བ་ལ་ཞོན་པ། ལ་ལ་རླུང་ནག་ [115A]༄༅། །ཚུབ་མ་ལ་ཞོན་པ། ལ་ལ་ཆུ་བྱ་ནག་མོ་ལ་ཞོན་པ། ལ་ལ་ནམ་གྱི་གོང་ལ་རྒྱུ་བ། ལ་ལ་ ཆུ་བོའི་གཞུང་ལ་རྒྱུ་བ། ལ་ལ་ཉི་མའི་ཟེར་ལ་རྒྱུ་བ། ལ་ལ་མུན་པའི་སྣ་ལ་རྒྱུ་བའི་མ་མོ། གཤིན་རྗེ་ཕོ་མོའི་ཚོགས་ དང༑ སྡེ་བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། སྐྲ་ལྷུག་ པ༑ གཅེར་བུར་རྒྱུག་པ། མིག་རྩ་དམར་པོ་སྡང་མིག་དུ་ལྟ་བ། མཆི་བ་གཙིགས་པ། ལྕེ་འཇིབ་པ། རྐན་རྡེབ་པ་ ཁ་གདངས་པ། ཕྱོགས་བཅུར་འོ་དེད་འབོད་པ། ལྗགས་བསྐྱོད་པ། གདུག་པ་ཅན་ཐམས་ཅད་བཀུག་ནས་ཚར་བཅད་ [115B] མཚོན་ཆ་སྣ་ཚོགས་ཐོགས་པ། ཁྲོ་ཞིང་གཏུམ་པ། ཤ་ལ་རྔམས་པ། ཁྲག་ ལ་རོལ་བ། གཞན་གྱིས་མ་བསྐུལ་ཞིང་མ་རྦད་པར་ཡང་ཉེས་པ་མེད་པའི་ཐ་མལ་གྱི་སེམས་ཅན་གང་དང་ཕྲད་པ་དེ་ ཐམས་ཅད་ཀྱང་ཕྲད་མ་ཐག་གློ་བུར་དུ་བཟུང་ནས་སྲོག་དབུགས་སྐད་ཅིག་ཉིད་ལ་ལེན་ཅིང། ཤ་ཁྲག་དྲོན་མོ་ཞལ་དུ་ དམར་ལྕིབ་ལྕིབ་གསོལ་བ། ཁྱད་པར་དུ་བསྟན་པའི་སྤྱི་དགྲ་རྣལ་འབྱོར་གྱི་སོགས་དགྲ་གྱུར་པའི་དགྲ་བགེགས་གདུག་པ་ ཅན་ཐམས་ཅད་ཞེ་ལ་མནན་ཅིང་དམིགས་ཀྱིས་བཀར་ནས་སྐད་ཅིག་ཉིད་ལ་སྲོག་འཕྲོག་པ། སྒྲུབ་པ་པོ་རྣམས་ [116A]༄༅། །ཀྱི་རེ་བ་ཚུལ་བཞིན་དུ་སྐོང་བར་བྱེད་པ་རྣམས་སུ་གྱུར། འདིར་བཤད་པའི་གཤིན་རྗེ་པོ་བརྒྱད་མོ་ བརྒྱད་ཀྱི་ཕྱག་ཕྱོགས་མཚམས་སུ་འགོད་ཚུལ་རྣམས་ཨ་མོ་དྷ་བཛྲ་གྱི་གཞུང་ལྟར་རྩང་སྟོན་གྱི་སྒྲུབ་ཐབས་ལས་བྱུང་བ་ལྟར་ཡིན་ནོ། ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་ཡེ་ཤེས་པ་བསྟིམ་པ། བསྐང་བཤགས་རྣམས་ནང་སྒྲུབ་ལྟར་ལས། བཟླས་པ་བྱ་བ་ནི་ ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཉི་གདན་ལ་ཡབ་ལ་དབྱུག་པ་ཡཾ་གྱིས་མཚན་པ། ཡུམ་ལ་ཧྲཱི་མཐིང་ནག་རང་ རང་གི་སྔགས་ཀྱིས་བསྐོར་བ། ཨོཾ་ཀ་ལ་རཱུ་པ་ཧཱུཾ་ཕཊ། ཨོཾ་ཧྲཱི་ཙ་མུན་ཏྲི་ཡེ་ཧཱུཾ་ཕཊ། ཞེས་བཟླ། གཏོར་མ་འབུལ་ [116B] ཡབ་ལ་འབུལ་སྔགས་ནང་སྒྲུབ་ལྟར། ཡུམ་ལ། ཨོཾ་ཙ་མུན་ཏྲི་ས་པ་རི་ཝཱ་ར་སརྦ་བིགྷྣན་སོགས་སྦྱར་བ་གསུམ་མ་མ་བདུན་ གྱིས་ཕུལ། གཞན་རྣམས་འདྲ་བ་ལས། བསྟོད་པ་ནི། འཆི་བདག་མས་བསྟོད། འདིའི་རྗེས་གནང་ནི་ཆོས་འབྱུང་ལ་གྲི་གུག་གི་ཚབ་ ཏུ་དབྱུག་པ་ཡཾ་གྱིས་མཚན་པ་བྲིས། སྐུའི་རྗེས་གནང་གི་སྐབས་སུ་དབྱུག་པ་དང་ཞགས་པ་གཏད། གཞན་རྣམས་ནང་སྒྲུབ་དང་ འདྲའོ།། །།གསུམ་པ་ཆོས་རྒྱལ་གསང་སྒྲུབ་ནི། རང་ཡི་དམ་གྱི་རྣལ་འབྱོར་ལ་གནས་པས། ཨོཾ་སྭ་བྷཱ་ཝ་སོགས་ ནས༑ ཨེ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་དཔག་བསམ་གྱི་ཤིང་དང། བུམ་པ་ [117A]༄༅། །བཟང་པོ་ལ་སོགས་པས་ཁྱབ་པའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་མ་ཧེ་དམར་པོའི་ གདན་ལ་ཡཾ་དམར་པོ་ལས་འོད་ཕྲོས། སེམས་ཅན་ཐམས་ཅད་ཀྱི་དབུལ་འཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ བསལ༑ ཚུལ་འདུས་པ་ལས་དམ་ཅན་གཤིན་རྗེའི་རྒྱལ་པོ་སྐུ་མདོག་དམར་པོ་མ་ཧེའི་གདོང་པ་ཅན་ཞལ་གཅིག་ ཕྱག་གཅིག་པ། གཡས་ཡིད་བཞིན་གྱི་ནོར་བུ་དང། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཡས་ བསྐུམ་གཡོན་བརྐྱང་ནས་གནས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་སྤྱན་གསུམ་དང་ལྡན་པ། མཆེ་བ་བཞི་ [117B] ཐོད་སྐམ་ལྔས་དབུ་བརྒྱན་དང། རློན་པ་ལྔའི་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་གྱིས་བརྒྱན་ པ༑ དེའི་དཔྲལ་བར་ཨོཾ། སོགས་ནས། བཟླས་པ་བྱ་བའི་བར་ནང་སྒྲུབ་ལྟར། གཤིན་རྗེ་རྒྱལ་པོའི་ཐུགས་ཁར་ ཉི་གདན་ལ་ཡཾ་གྱིས་མཚན་པའི་ནོར་བུ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དམར་པོ་ཞགས་པ་དང། ལྕགས་ ཀྱུ་དང། ལྕགས་སྒྲོག་གི་རྣམ་པ་དཔག་མེད་འཕྲོས་པས་འཇིག་རྟེན་བཅུད་དང་ལོངས་སྤྱོད་ཐམས་ཅད་བཀུག་ནས་ རང་ལ་བྱིན་པར་བསམ་ལ། ཨོཾ་ཡ་མ་རཱ་ཛཱ་སརྦ་སིད་དཧི་ཧཱུཾ། ཞེས་བཟླ། མཐར་གཏོར་མ་ཟས་སྣ་དུ་མ་དང་དར་དམར་པོས་ [118A]༄༅། །བརྒྱན་པ་བྱིན་གྱིས་རླབས། སྔགས་དེ་ལ་ཨི་དཾ་བ་ལིཾ་སོགས་བཏགས་པས་ཕུལ། ནང་དང་ཕྱི་མཆོད་ བྱ༑ ཧཱུཾ་ཆོས་ཉིད་ངང་ལས་མདུན་གྱི་ནམ་མཁའ་རུ། །སྣ་ཚོགས་ཆུ་སྐྱེས་ནམ་མཁའི་ནོར་བུ་དང། །མ་ཧེ་དམར་ པོ་འགྱིང་པའི་གདན་སྟེང་དུ། །ཡཾ་གྱིས་མཚན་པའི་ཡིད་བཞིན་ནོར་བུ་ལས། །འོད་འཕྲོས་སེམས་ཅན་ཀུན་གྱི་ དབུལ་ཕོངས་བསལ། །ཚུར་འདུས་དེ་ཉིད་ཡོངས་སུ་གྱུར་པ་ལས། །རབ་བརྗིད་པདྨ་རཱ་གའི་རི་བོ་ལ། །ཉི་མ་ བྱེ་བའི་འོད་གྱིས་བྱུགས་འདྲ་བའི། །ཆོས་རྒྱལ་སྐུ་མདོག་དམར་པོ་བརྗིད་པའི་སྐུ། །མ་ཧེའི་གདོང་ཅན་ཞལ་གཅིག་ [118B] །དགོས་འདོད་མཆོག་སྩོལ་ཡིད་བཞིན་ནོར་བུ་དང། །འཆི་མེད་བདུད་རྩིས་གང་བའི་ཐོད་པ་འཛིན།། མཆེ་བ་རབ་དཀར་སྤྱན་གསུམ་དམར་ལ་ཟླུམ། །སྐྲ་སེར་རྡོ་རྗེ་ནག་པོས་སྤྱི་བོར་བརྒྱན། །འཇིགས་རུངས་ཐོད་སྐམ་ ལྔ་ཡི་དབུ་རྒྱན་དང། །ཁྲག་འཛག་བརྒྱ་ཕྱེད་ཕྲེང་བའི་ག་ཤ་ཅན། །རིན་ཆེན་རྒྱན་དང་རུས་པའི་རྒྱན་གྱིས་སྤྲས། ། ཐུགས་ཀར་ཡཾ་གྱིས་མཚན་པའི་ནོར་བུ་ལས། །ལྕགས་ཀྱུ་ལྕགས་སྒྲོག་ཞགས་པ་ལྟ་བུ་ཡི། །འོད་ཟེར་དམར་པོ་ ཕྱོགས་བཅུར་འཕྲོས་པ་ལས། །འཇིག་རྟེན་ཀུན་གྱི་ཕུན་ཚོགས་ལོངས་སྤྱོད་རྣམས། །ཐོགས་པ་མེད་པའི་ཚུལ་ [119A]༄༅། །གྱིས་བཀུག་ནས་ཀྱང། །རླབས་ཆེན་ཟད་པ་མེད་པའི་ལོངས་སྤྱོད་ཀྱིས། །སྒྲུབ་པ་པོ་ཡི་ བསམ་པ་ཚིམ་མཛད་ཅིང། །ཕོངས་པའི་སྡུག་བསྔལ་མཐའ་དག་ཞི་བ་དང། །སྙམ་པའི་གྲགས་པས་ཕྱོགས་བཅུར་ ཁྱབ་པ་དང། །མ་ལུས་དབང་དུ་སྡུད་པའི་ལས་མཛད་པའི། །དམ་ཅན་ཆོས་ཀྱི་རྒྱལ་པོ་ཁྱོད་ལ་འདུད། །རྗེ་བཙུན་ འཇམ་པའི་དབྱངས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཁྱོད་ཀྱིས་ཞལ་བཞེས་དམ་བཅའ་བཞིན། །ཆོས་བཞིན་སྒྲུབ་པར་བྱེད་ པའི་གང་ཟག་ལ། །ལོངས་སྤྱོད་ཐམས་ཅད་ངང་གིས་འདུ་བར་མཛོད། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་ [119B] ༑དཔལ་མགོན་དམ་ཅན་ཁྱོད་དང་མི་འབྲལ་ཞིང། །ཕྱི་ནང་འགལ་རྐྱེན་ཀུན་གྱིས་གཡོ་མེད་པར། །མཐུན་རྐྱེན་ ཐམས་ཅད་ཆོས་བཞིན་འགྲུབ་པར་མཛོད། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །རྗེ་བཙུན་འཇམ་པའི་ དབྱངས་ཀྱི་ཞབས་ཀྱི་རྡུལ། །འབྲལ་མེད་སྤྱི་བོས་ནོད་པའི་བཀའ་དྲིན་གྱིས། །རྒྱལ་བའི་ཆོས་ཚུལ་མ་ལུས་ འཛིན་པར་ཤོག་ཅེས་ཆོས་རྒྱལ་གསང་སྒྲུབ་ལ་བསྟོད་ཅིང་གསོལ་བ་གདེབས་པ་འདི་ནི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་དགེ་འདུན་གྲུབ་ པ་དཔལ་བཟང་པོས་སྦྱར་བའོ།། དེ་ལྟར་ཉིན་རེ་བཞིན་ཐུན་བཞིལ་ལ་སོགས་པ་གཏོར་མ་ཕུལ་ནས་འཕྲིན་པས་བཅོལ། གཞན་ལ་གསང་ [120A]༄༅། །བ་ཤིན་དུ་གལ་ཆེ། ཞལ་ཤེས་ནི། བཟླས་པའི་སྐབས་སུ། ཆོས་རྒྱལ་གྱི་སྤྱི་བོར་ཁྲུ་གང་ཙམ་གྱི་སར་འཇིགས་ བྱེད་དམར་པོ་བཟོད་པར་དཀའ་བ་ཞལ་གཅིག་ཕྱག་གཉིས་པ། རང་དེ་ཉིད་ཀྱི་མདུན་ན་གནས་པ། མོས་པ་དྲག་པོ་བྱས་པས་འཇིགས་བྱེད་ཀྱི་ཐུགས་ ཀ་ནས་འོད་ཟེར་དམར་པོ་བཟོད་པར་དཀའ་བ་བྱུང། ཆོས་རྒྱལ་གྱི་སྙིང་གར་ཕོག་པས་རྒྱུད་བསྐུལ། ནོར་བུ་སྔགས་ཕྲེང་ལས་འོད་འཕྲོས་ པས༑ བཅུད་ཐམས་ཅད་དགུག་པ། འོད་དམར་པོའི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ་ལ་བཟླས་སོ། །རྗེས་གནང་བྱེད་ན་དཀྱིལ་ འཁོར་དམར་པོ་མེ་རི་དང་བཅས་ཟླུམ་བུའི་དབུས་སུ་ཆོས་འབྱུང་དཀར་པོ་ཟུར་རང་ལ་བསྟན་པའི་ནང་དུ་ཡཾ་གྱིས་མཚན་པའི་ནོར་བུ་དམར་པོ་བྲི་ [120B] མཐར་ཕྱི་ནང་གི་མཆོད་ པས་བསྐོར། གཏོར་མ་ཆོས་སྐྱོང་དུ་བསྐྱེད་དེ་མཆོད་བསྟོད་བཟླས་པ་ལ། རྗེས་གནང་གི་སྔོན་འགྲོ་དང་དངོས་གཞི་ཕལ་ཆེར་འདྲ་བ་ལས། ཁྱད་པར་ ནི༑ དེའི་མཚོན་བྱེད་དུ་ནོར་བུ་དང་ཐོད་པ་བདུད་རྩིས་གང་བ་གཏད་དེ། བཀའ་བསྒོ་བ་འདྲ་བ་ལས། ལུས་དང་གྲིབ་མ་བཞིན་ དུ་རྗེས་སུ་འབྲང་ནས། ཞེས་པའི་མཇུག་ཏུ། ལོངས་སྤྱོད་ཟད་མི་ཤེས་པ་དང། སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་ པ་དང། འདོད་པའི་དོན་ཐམས་ཅད་མྱུར་དུ་བསྒྲུབ་པའི་སྡོང་གྲོགས་མཛོད་ཅིག་ཅེས་བརྗོད། སློབ་མ་ལ། གཤིན་ [121A]༄༅། །རྗེ་གཤེད་ཀྱི་རྣལ་འབྱོར་པ་འདི་རྣམས་ཀྱིས་ཀྱང་གཤིན་རྗེ་རྒྱལ་པོའི་དམ་ཚིག་ལ་ངས་ནས་ བསྙན་སྒྲུབ་དང་མཆོད་གཏོར་གྱི་ལས་ལ་བརྩོན་པར་གྱིས་ཤིག་སློབ་མས་ཀྱང། དེ་བཞིན་དུ་བགྱིའོ། །ཞེས་ཁས་བླངས། གསུང་ གི་རྗེས་གནང་ལ་གསོལ་གདབ་རིགས་འགྲེ། བླ་མ་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། མདུན་གྱི་འཆི་ བདག་གི་ཐུགས་ཀར་ཕོག་པས། ཆོས་སྐྱོང་གིས་ཀྱང་སློབ་མའི་འདོད་པའི་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པར་ཁས་ བླངས་པར་བསམ་ནས་ཆོས་སྐྱོང་གི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་ཁ་དོག་དམར་པོ་མར་མེ་གཅིག་ལས་ [121B] སློབ་མའི་ཞལ་དུ་ཞུགས། སྙིང་ཁར་ཉི་དཀྱིལ་གྱི་སྟེང་དུ་ཧཱུཾ་ངམ་ཡཾ་ཡིག་གི་ མཐར་འཁོད་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ནོར་ལོངས་སྤྱོད་ འབྲུ་བང་མཛོད་རྐང་འགྲོ་རིན་ཆེན་ལ་སོགས་པ་དབང་དུ་བསྡུས་ནས་སྔགས་ཕྲེང་ལ་ཐིམ་པས་དབང་གི་ལས་ཐམས་ཅད་ འགྲུབ་པར་བསམ་ལ། སྔགས་ཀྱི་རྗེས་ཟློས་བརྒྱ་རྩ་གཅིག་བྱའོ།། ཐུགས་ཀྱི་རྗེས་གནང་ལ་གསོལ་འདེབས་རིགས་འགྲེ། བླ་མའི་ཐུགས་ ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཆོས་སྐྱོང་ལ་ཕོག་པས་གཤིན་རྗེ་རྒྱལ་པོའི་སྐུ་ལས་རང་འདྲ་གཉིས་པ་ཞིག་བྱུང། སློབ་ [122A]༄༅། །མའི་སྤྱི་བོ་ནས་ཞུགས། སྙིང་ཁར་བྱོན་ཏེ། དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་ དུ་ཆོས་ལྡན་གྱི་དོན་རྣམས་མཐར་ཕྱིན་པར་བྱ་བའི་ཕྱིར་དུ་འབྲལ་མེད་དུ་བཞུགས་ཏེ། ཆོས་སྐྱོང་གིས་འདོད་པའི་དོན་ཐམས་ ཅད་དངོས་སུ་སྟེར་ནུས་པར་བསམ་ནས་ཡིད་བཞིན་གྱི་ནོར་བུ་རེ་གནང་བྱུང་བའི་མོས་པ་མཛོད། རྟེན་གཏོར་སློབ་མའི་མགོར་ བཞག་ཏེ་རིལ་བུ་རེ་བྱིན། རྗེས་ཆོག་ཆོས་རྒྱལ་ནང་སྒྲུབ་ལྟར་བྱའོ། །འཇམ་དབྱངས་དངོས་སུ་ཆོས་འཁོར་ལས་བཤད་ པའི༑ ༑འཇམ་དབྱངས་སོགས་ཀྱི་ཆོག་བསྒྲིགས་བགྱིས་པའི་དགེས། །འཇམ་དབྱངས་བརྩེ་བས་འགྲོ་ཀུན་རྗེས་བཟུང་ [122B] ༑འཇམ་དབྱངས་གོ་འཕང་མྱུར་དུ་ཐོབ་པར་ཤོག་ཅེས་དགེ་ལྡན་ཐུན་མོང་མ་ཡིན་པའི་ཟབ་ཆོས་འཇམ་དབྱངས་ཆོས་ སྐོར་ནང་གི་ལྷ་ཚོགས་རྣམས་ཀྱི་སྒྲུབ་ཐབས་དང་རྗེས་གནང་བྱེད་ཚུལ་གྱི་ཆོ་ག་ཤེས་རབ་ཀྱི་སྣང་བ་འཕེལ་བྱེད་ཅེས་བྱ་བ་འདི་ ནི༑ སྔ་མོ་ནས་དགེ་སློང་འཇམ་དབྱངས་ཉི་མས་བསྐུལ་ཞིང། ཉེ་ཆར་རབ་འབྱམས་པ་འཇམ་དབྱངས་དངོས་གྲུབ་ཀྱིས་ བསྐུལ་ངོར། འཇམ་དབྱངས་ཆོས་སྐོར་ནང་གི་ཆོ་ག་གསལ་དུ་བཏང་སྟེ། རྒྱ་དཔོན་ནམ་བཟང་དང། རྩང་སྟོན་ཀུན་ དགའ་རྒྱལ་མཚན་གཉིས་ཀྱིས་མཛད་པའི་ཆོས་རྒྱལ་ཕྱི་ནང་སྦྲགས་པའི་སྒྲུབ་ཐབས་དང། སྐྱིད་ཤོད་སྤྲུལ་སྐུ་ངག་དབང་ [123A]༄༅། །བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་རྗེས་ཆོག་གིས་ཁ་བསྐང་ནས། རྒྱལ་ཁམས་པ་འཇམ་ དབྱངས་འཕྲིན་ལས་ཀྱིས་འབྲུག་ལ་རི་ཁྲོད་དུ་སྦྱར་བའོ། །འཇམ་དབྱངས་ཆོས་སྐོར་གྱི་འཇམ་དབྱངས་དཔའ་གཅིག་འཇམ་ དབྱངས་ལུས་དཀྱིལ། འཇམ་དབྱངས་གསང་སྒྲུབ་འཇམ་དཔལ་ནང་སྒྲུབ། རྗེ་བཙུན་མ་ནག་མོ། བདེ་མཆོག་དཀར་ པོ༑ སྒྲོལ་མ་དཀར་མོ། ཆོས་རྒྱལ་ཕྱི་ནང་གསང་གསུམ་རྣམས་ཀྱི་རྗེས་གནང་བཅུ་ཐོབ་པའི་རྒྱུད་རིམ་ནི། རྒྱལ་བ་ རྡོ་རྗེ་འཆང། རྗེ་བཙུན་འཇམ་དབྱངས། གྲུབ་ཆེན་དཔའ་བོ་རྡོ་རྗེ་རྗེ་ཙོང་ཁ་པ་ཆེན་པོ། མཁས་གྲུབ་སྨྲ་བའི་ཉི་མ་ [123B] པཎ་ཆེན་བཟང་པོ་བཀྲ་ཤིས། པཎ་ཆེན་རྒྱལ་བ་བསམ་གྲུབ། པཎ་ ཆེན་ནམ་མཁའ་བཟང་པོ། པཎ་ཆེན་རིག་པ་སེང་གེ་རྗེ་བཀྲ་ཤིས་རིན་ཆེན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་ མཚན༑ སྐྱིད་ཤོད་ངག་དབང་བསྟན་འཛིན་འཕྲིན་ལས། འཇམ་དབྱངས་བཞད་པའི་རྡོ་རྗེ། མཁན་ཆེན་ངག་དབང་ བློ་བཟང། རྗེ་བསམ་གཏན་རྒྱ་མཚོ། རྗེ་བློ་བཟང་རྒྱལ་མཚན། གུ་གེ་བློ་བཟང་བསྟན་འཛིན། དཔལ་ འབྱོར་ལྷུན་པོ་བ་དགེ་ལེགས་རྒྱལ་མཚན། ཟངས་རི་གྲུབ་པའི་དབང་ཕྱུག་བློ་བཟང་རབ་བརྟན། དེས་བདག་ལའོ།། [124A]༄༅། །ལྷ་བཙུན་རྡོ་རྗེ་འཆང་གི་ཞབས་དྲུང་ནས་ཀྱང་ཚར་གཅིག་ཐོབ་པའོ།། །།དགེའོ།། །། དགེའོ།། །།སརྦ་མངྒ་ལཾ།།